e-texts navigator
Collection
Volume
Page
Wylie

167b1 གསལ་བར་ཕྱོགས་རྣམས་མ་སྨྲས་པར།། སེམས་ཅན་ཀུན་ལ་བྱུངས་པའོ།། ཇིསྲིད་རྡོ་བྱས་པ། མས་ཅན་བདེ་བར་འགྱུར། ཟེར་བའང་ཐོ་ས། སྐྱེ་འོ་མ་གོན་མེད་སེམས
167b2 ཅན་ནི། ། འཇིགས་པ་ལས་ནི་སྐྱོབ་པ་དག། སྙིང་རྗེས་སེམས་དེ་སྤྲོ་བར་བྱ།། རྡོ་རྗེ་ཡེ་ཤེས་ཐོབ་པར་འགྱུར།། ཀ་རུ་ཎཱ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཀུན་སྙིང་པོ།། སེམས་ཅན་ཐམས
167b3 ཅད་གཟོང་ནས་དག། ཨེ་མའོ་བདེ་བ་ཨེ་མའོ་ཆོས།། ཕྱོགས་རྣམས་ཀུན་ཏུ་ཡོང་སུ་སྤྲོ།། ཧཱུཾ་ཀཱ་ར་བི་ཤུད་དྷ་ཧཱུཾ་ཕཊ།། འཁོར་བའི་སེམས་ཅན་ལ་དམིགས་ནས།། བདེ་བ་དང་བཅས་བཏང་སྙོམས
167b4 བྱ། བཏང་སྙོམས་སྦྱོར་བ་འདི་ཡིས་ནི།། སེམས་ཅན་རྣམས་ལ་ཡོངས་སུ་སྤྲོ།། ཨོཾ་བི་ཤོ་དྷ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། རྡོ་རྗེའི་གཟུགས་ནི་ཡང་དག་བྲིས།། གང་གི་སྟེང་དུ་ངེས་བཞག་པ།། དེ་ཉིད་ཀྱིས་ནི
167b5 དྲི་མའི་ཚོགས། ། ཐམས་ཅད་རྣལ་འབྱོར་པ་ཡིས་འཇོམས།། ཧཱུཾ་བཛྲ་པྲ་བརྟ། གང་ལ་བྱང་ཆུབ་སེམས་ཉིད་ནི།། རྗེས་སུ་དྲན་པས་རབ་ཕབ་ནས།། སེམས་ཅན་དེ་ཡིས་སངས་རྒྱས་ཀྱི།།
167b6 ། བྱང་ཆུབ་ཉིད་ནི་ཐོབ་པར་འགྱུར།། ཧཱུཾ་བོ་དྷི་སཏྭ་པྲ་བརྟ།། ཕྱག་ན་རྡོ་རྗེ་རྗེས་དྲན་ནས།། དག་པའི་ཆོས་ཉིད་ཕབ་བྱས་ནས།། སེམས་ཅན་དེ་ཡིས་བདེ་བ་ནི།། དམ་པ་ཐོབ་འགྱུར་ཐེ་ཙོམ་མེད།།
167b7 ཧཱུཾ་བཛྲ་དྷ་ར་པྲ་བརྟ། རྣམ་པའི་མཆོག་རྣམས་ཀུན་ལྡན་པ།། སངས་རྒྱས་གཟུགས་ནི་རྣམ་པར་སྒོམ།། སངས་རྒྱས་ཆོས་རྣམ་པབ་བྱས་ན།། འཇིགས་པ་ངེས་པར་འབྱུང་མི་འགྱུར།། ཧཱུཾ་བུད་དྷ་པྲ




iiif viewer powered by OpenSeadragon

167a - 168a

Texts on this page

S439 - gsang ba rnal 'byor chen po'i rgyud rdo rje rtse mo