e-texts navigator
Collection
Volume
Page
Wylie

167a1 ཨངས་རྒྱས་ཐམས་ཅད་མཆོད་བྱ་ཞིང་། ། རྡོ་རྗེ་ལས་ནི་བརྟན་པར་བརྟག། རྡོ་རྗེ་ཚིག་གིས་ཆོས་བཤད་ན།། རྡོ་རྗེ་ལས་ནི་ཐོབ་པར་འགྱུར།། ཨོཾ་སྭཱཀྵྨ་བཛྲ་ཀརྨ་ཀྲོ་དྷ་སརྦ་ཀརྱ་ཧྲྀ་ད་ཡ་ཧཱུཾ
167a2 བདག་ནི་རྒྱལ་པོ་བྱམས་པ་ཆེ། ། རྡོ་རྗེ་སྲུང་བ་བརྟན་པའི་བདག། རྟག་ཏུ་བདག་ཉིད་བསྒོམ་བྱས་ནས།། ངན་འགྲོ་ཐམས་ཅད་ཉམས་པར་འགྱུར།། ཨོཾ་སཱུཀྵྨ་བཛྲ་ཀ་བ་ཙ་ཀྲོ་དྷ་རཀྵ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་བཟ
167a3 བྱ་ཞིང་། ། རྡོཿསྲུང་བ་བསྒོམ་པར་བྱ།། རྡོ་རྗེ་སྔགས་ནི་བསྐུལ་བྱས་ན།། རྡོ་རྗེ་ཉོན་མོངས་ཐམས་ཅད་འཇོམས།། ཨོཾ་སཱུཀྵྨ་བཛྲ་ཡཀྵ་ཧར་བྷཀྵ་སརྦ་དུཀྵོ་བཛྲ་ཡཀྵ་ཧཱུ~ཾ་ཕཊ། རྡོ་རྗེ་ཁུ་ཚུར་རྒྱལ་པོ་བདག
167a4 བྱང་ཆུབ་སེམས་ནི་རྗེས་སུ་དྲན། ། བགེགས་རྣམས་ཐམས་ཅད་བཅིང་བྱས་ན།། རྡོ་རྗེ་ཁུ་ཚུར་དང་མཚུངས་འགྱུར།། ཨོཾ་སཱུཀྵྨ་བཛྲ་མུཥྚི་བན་དྷ་བན་དྷ་ཧཱུཾ་ཕཊ། སྣ་ཡི་རྩེ་མོའི་སེམས་དེ་ནི།། བརྟན་པར་བྱས
167a5 ནས་ཡང་དག་བརྩམ། ། ཡི་གེ་ཧཱུཾ་ཉིད་སྦྱོར་བྱས་ན།། ཉོན་མོངས་ཐམས་ཅད་རྣམ་ཉམས་འགྱུར།། ཧཱུཾ། དང་པོ་སྙིང་ཁ་སྣ་རྩེ་རུ།། བརྟན་པར་བྱས་ནས་དེ་རང་བཞིན།། མཚན་མ་དེ་ནི་སྤྲོ་བྱས་ན།། ནང་སོགས།
167a6 དགྲ་ནི་འཇིགས་པར་འགྱུར།། ནཱ་ཤ་ཡ་བཛྲི་ཧཱུ~ཾ། སེམས་དེ་བརྟན་པར་བྱས་ནས་ཀྱང་།། རྣལ་འབྱོར་འཛིན་པས་སྤྲོ་བྱ་ཞིང་།། ཤེས་རབ་ཅན་གྱིས་ཁྲོ་བདག་བརྩམ།། གནས་ངན་དག་ནི་ངེས་པར་འཇིག
167a7 བི་ནཱ་ཤ་ཡ་སརྦ་བཛྲ་ཧཱུཾ། རྣལ་འབྱོར་རིག་པས་ཇི་སྲིད་འདོད།། མཚན་མ་དེ་ནི་བསྡུ་བྱ་ན།། མ་ལུས་སྡིག་པ་ཐམས་ཅད་ནི།། ཉམས་ཤིང་འབྱུང་བར་མི་འགྱུར་རོ།། ཨོཾ་སཱུཀྵྨ་བཛྲ་པྲ་ཏྱ་ཤཱི་བྷ~ཾ་ཧཱུཾ།




iiif viewer powered by OpenSeadragon

166b - 167b

Texts on this page

S439 - gsang ba rnal 'byor chen po'i rgyud rdo rje rtse mo