e-texts navigator
Collection
Volume
Page
Wylie

166a1 པ་ཉིད་དུ་གྱུར། ། ཨོཾ་སཀྵྨ་བ་ཀྲོ་དྷ་ཀྲཱ་མནྡྷ། རྡོ་རྗེ་རིག་པ་མཆོག་རྒྱལ་པོ།། བདག་ཉིད་ཡོངས་སུ་བསྒོམ་པར་བྱ།། རྡོ་རྗེ་ཕྲ་མོ་འདི་ཡིས་ནི།། རང་སེམས་སྐད་ཅིག་གིས
166a2 འདུལ་འགྱུར། ། ཨོཾ་སུཀྵྨ་བཛྲ་རཏྣ་ཀྲོ་དྷ་ཀྲ་མ་ཧཱུཾ་ཕཊ། རྡོ་རྗེ་རིམ་ཆེན་རང་བདག་ཉིད།། མཁས་པ་ཡིས་ནི་བསྒོམ་པར་བྱ།། སངས་རྒྱས་ཆོས་ནི་མྱུར་ཐོབ་ཅིང་།། རིན་ཆེན་ཀུན་མཆོག་གཙོ་བོར་འགྱུར།
166a3 ཨོཾ་སཱུཀྵྨ་བཛྲ་དྷརྨ་ཀྲོ་དྷ་ཀྲ་མོ་ཧཱུཾ་ཕཊ། བདག་ཉིད་དག་ནི་རྡོ་རྗེ་ཆོས།། གཟོད་ནས་དག་པ་རྣམ་པར་སྒོམ།། གསུང་གི་ཕྱག་རྒྱ་འདི་ཡིས་ནི།། རྡོ་རྗེ་ཆོས་དང་མཚུངས་པར་འགྱུར།། ཨོཾ་སཱུཀྵྨ་བཛྲ་ཀརྨ་ཀྲོ་དྷ
166a4 ཀྲ་མ་ཧཱུཾ་ཕཊ། ། བདག་ཉིད་རྡོ་རྗེ་ལས་སུ་ནི།། ཡང་དང་ཡང་དུ་བསྒོམ་བྱ་ཞིང་།། རྡོ་རྗེ་སྔགས་ཀྱིས་བསྐུལ་ནས་ནི།། རྡོ་རྗེ་ལས་དང་མཚུངས་པར་འགྱུར།། དབང་བསྐུར་བ་ཡི་སེམས་དཔའ་ཚེ།། འཁོར་ལོས
166a5 ། རྒྱུསྒྱུར་བ་བཞི་པོ་རུ།། རྟག་ཏུ་བདག་ཉིད་སྒོམ་བྱས་ན།། དབང་བསྐུར་བ་ཡང་ཐོབ་པར་འགྱུར།། ཧཱུཾ། ཨོཾ་སུཀྵྨ་ཛྙཱ་ན་ཀྲོ་དྷ་ཧཱུཾ་ཕཊ།། རྡོ་རྗེ་རྒྱལ་པོ་རང་དག་ཉིད།། རྣམ་པར་བསྒོམས་ན་རེངས་པར་འགྱུར།།
166a6 སྙིང་པོ་འདི་དག་ཉིད་ཀྱིས་ནི།། སངས་རྒྱས་ཐམས་ཅད་ཀུན་ཏུ་དགུག། ཨོཾ་སཱུཀྵྨ་བཛྲ་ཨཾ་ཀུ་ཤ་ཨ་ཀཪྵ་ཡ་མ་ཧཱ་ཀྲོ་དྷ་ཧཱུ~ཾ་ཕཊ།། མདའ་འགེངས་པ་ཡི་སྦྱོར་བ་ཡིས།། རྡོ་རྗེ་ཆགས་པ་བསྒོམ་པར་བྱ།། སྙིང་པོ་འདི
166a7 ངག་ཉིད་ཀྱིས་ནི། ། སངས་རྒྱས་ཐམས་ཅད་རྗེས་ཆགས་པ།། ཨོཾ་སཱུཀྵ་བཛྲ་ལོ་དྷི་ཨོཾ་ནུ་རཱ་ག་ཡ་ཧཱུཾ་ཕཊ། སངས་རྒྱས་ཐམས་ཅད་མཉེས་བྱས་ཤིང་།། བདག་ཉིད་ཀྱང་ནི་རྣམ་པར་སྒོམ།། རྡོ་རྗེ་དགའ་བ་བདག་ཉིད་དེ།




iiif viewer powered by OpenSeadragon

165b - 166b

Texts on this page

S439 - gsang ba rnal 'byor chen po'i rgyud rdo rje rtse mo