e-texts navigator
Collection
Volume
Page
Wylie

98b1 པར་མི་བྱ་སྟེ། དེ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དགྱེས་སོ།། དགྱེས་ནས་ཁྱོད་ཅི་འདོད་ཅེས་གསུངས་པ་དང་། དེ་ལ་རིག་འཛིན་གྱིས་སྨྲ་བར་བྱ་སྟེ། རལ་གྲི་དང་། ས་འོག་དང་། མིག་སྨན།།
98b2 དང་། གསེར་འགྱུར་དང་། བཅུད་ཀྱིས་ལེན་པའམ། དེ་ལས་གཞན་ཡང་ཡིད་ལ་འདོད་པའི་དངོས་གྲུབ་ངེས་པར་བདག་ལ་གསོལ་ཅིག་ཅེས་བརྗོད་ན། དེ་ལ་ཐེ་ཚོམ་མེད་པར་སྩོལ་ལོ།། བརྒྱ་གཞིག
98b3 ལ་སྔགས་པས་དེ་དག་མ་སྒྲུབ་ནའང་དེའི་ཕྲ་མོའི་ལས་ཐམ་ཅད་ངེས་པར་གྲུབ་བོ། ། འདི་ནི་འཇམ་དཔལ་ཞེས་བྱ་བའི་མིང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་སྦྱོར་བའི་རྒྱུད་ལས། དཀྱིལ
98b4 འཁོར་བསྟན་པ་སྟེ་རྟོག་པ་དང་པོའོ། ། །། དེ་ནས་ལས་ཀྱི་ཚོགས་ཀྱི་ཆོ་ག་རབ་ཏུ་བཤད་དེ། རིམ་པ་ཇི་ལྟ་བ་བཞིན་དུ་གསད་པ་དང་བསྐྲད་པ་ལ་སོགས་པ་སྔགས་པ་ཁྲོས
98b5 པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱོར་བ་ལ་གནས་པའི་རྣལ་འབྱོར་གྱིས་བྱ་སྟེ། དང་པོ་ཁོ་ནར་སྔགས་པས་རེ་ཞིག་གནོད་མཛེས་སུ་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་གཙོ་བོ་ཡིན་པའི
98b6 ཕྱིར་རོ། ། རྣལ་འབྱོར་གྱི་རྒྱུད་ལ་ལྷའི་སྦྱོར་བ་དང་ལྡན་པས་ཐོག་མར་ནི་དེ་བྱ་སྟེ། དེ་ལ་འདིའི་ལས་ནི་ཇི་ལྟར་གསད་པར་འདོད་པའི་སྔགས་པས་དུར་ཁྲོད་ཀྱི་རས་ལ་དུག་དང་། ཁྲག་དང་། ལན
98b7 ཚྭ་དང་། སྐེ་ཚེ་དང་། ནམི་པ་དང་། རྠ་དུ་རིའི་ཁུ་བས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་ཚེ་བཅུ་དྲུག་པ་བྱ་རོག་ཆེན་པོའི་སྒྲོ་རྩའི་སྦུ་གུ་འམ། མིའི་རུས་པའི་སྦུ་གུས་གཅེར་བུ་སྐྲ་བཤིག




iiif viewer powered by OpenSeadragon

98a - 99a

Texts on this page

S430 - dpal rdo rje 'jigs byed kyi chen po'i rgyud ces bya ba