| | e-texts navigator
|
72a1 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་ན་བཐེག་པ་ཆེན་པོའི་ཡང་ཟག་པ་ཆེན་པོའི་ཚུལ་ཐབ་མོ་གསང་པ་ས
72a2 ཆེས་གསང་བ་ཆེན་པོ་རྫུག་སོ། ། ཁོར་གྱི་ལོ་ཙ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཙིང་ནུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐ
72a3 སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀི་བ་ཙིཏྟ་ཀྲྀཥྞ་ཡ་མ་རི་ནཱ་མ་ཏནྟྲ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེས་གཤེད་ནག་པོ་ཞེས་བྱ་བའི་དྷུད་འཕགས་པ་འཇམ
72a4 དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བཙུན
72a5 མོ་ཐམས་ཅད་ཀྱི་བྷ་ག་རྣམས་ལ་བཞུགས་ཏེ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་། ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དང་། འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དང་། ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད
72a6 དང་། ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དང་། ཐོ་བ་གཤིན་རྗེ་གཤེད་དང་། དབྱུག་པ་གཤིན་རྗེ་གཤེད་དང་། པདྨ་གཤིན་རྗེ་གཤེད་དང་། རལ་གྲི་གཤིན་རྗེ་གཤེར་དང་། མཚམས་རྣམས་སུ
72a7 རྡོ་རྗེ་ཙཾ་རྩ་ཀ་དང་། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱངས་ཅན་མ་དང་། རྡོ་རྗེ་གཽ་རཱྀ་སྟེ། དེ་རྣམས་མཚམས་སུའོ།། དེ་དག་ལ་སོགས་ཏེ་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ
iiif viewer powered by OpenSeadragon
71b - 72b