| | e-texts navigator
|
71a1 འཁོར་དང་། ཏིང་ངེ་འཛིན་དང་། བྷག་དྷ་དང་། སྟང་སྟབས་དང་། འདུག་སྤངས་དང་། བཟླས་བརྗོད་དང་། སྦྱིན་སྲེག་དང་། མཆོད་པ་དང་། ལས་ལ་སྦྱར་བ་དང་།
71a2 སླར་བསྡུ་བ་རྣམས་ནི་གསང་སྔགས་ཀྱི་ཚུལ་དེ་ཁོ་ན་ཉིད་བཅུ་ཡིན་པར་གསུངས་སོ།། དུས་གསུམ་དུ་འབྱུང་བའི་རྒྱལ་བ་ཐུགས་རྗེའི་རོ་གཅིག་པ་རྣམས་ཀྱི་གསང་བ་དག་དང་། གསང་ཆེན་དང་།།
71a3 ཡེ་ཤེས་རྣམ་པ་པ་གསུམ་གྱི་སྙིང་པོ་བསྟན་པ་དག་ནི་སློབ་དཔོན་གྱི་ཁ་ནས་བླ་མ་ལ་གུས་པའི་སློབ་མས་ཤེས་པར་བྱའོ།། བླ་མས་དམ་ཚིག་ཇི་ལྟར་ལྟ་བ་བཞིན་གྱི་དབང་དུ་བྱས་ནས་བཤད་པར་བྱའོ།།
71a4 བསྒྲིམས་ནས་སེམས་ཅན་རྣམས་ལ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། ལྷག་པའི་རྣལ་འབྱོར་རྣམས་གོ་རིམས་བཞིན་བཤད་པར་བྱའོ།། འདི་མཐའ་དག་ནི་རྒྱུད་ཐམས་ཅད་ཀྱི
71a5 སྤྱིར་ཤེས་པར་བྱའོ། ། དེ་ཁོ་ན་ཉིད་ཀྱི་དངོས་པོ་མཐའ་དག་ཡོངས་སུ་མི་ཤེས་པར་གསང་སྔགས་སྨྲ་བ་ང་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་གྱིས་གསང་སྔགས་ཀྱི་ཆོ་ག་འཆད་པར་བྱེད་ན་དམ
71a6 ཚིག་ཐམས་ཅད་ཉམས་པར་འགྱུར་རོ། ། དམ་ཚིག་ལས་ཉམས་ན་བདུད་ཀྱིས་གཟུང་བར་འགྱུར་རོ།། སྐྱེས་བུ་ཤི་ནས་དམྱལ་བའི་གནས་མི་བཟད་པ་ཆེན་པོར་འགྲོ་བར་འགྱུར་རོ།། སེམས
71a7 ཅན་རྣམས་ལ་བརྟེན་ཏེ་བྱང་ཆུབ་ཐོབ་པར་འགྱུར་བས་སེམས་ཅན་ལ་བསྡུ་བར་མི་བྱའོ་ཞེས་ཤེས་པར་བྱས་ནས། དེ་བཞིན་གཤེགས་པའི་ལམ་དེ་ཉིད་ལ་སེམས་ཅན་དེ་དག་སྦྱར་བར་བྱའོ།། །
iiif viewer powered by OpenSeadragon
70b - 71b