e-texts navigator
Collection
Volume
Page
Wylie

69a1 གཞག། སྤྲད་པ་དང་ནི་འཁྱུད་པ་ཡིས།། རྡོ་རྗེ་དང་ནི་པདྨ་བསྐུལ།། གར་གྱི་ཚུལ་དུ་གྱུར་པ་དང་།། དེ་བཞིན་སྤྲོ་དང་བསྡུ་བ་ཡིས།། མོད་ལ་སྒྱུ་མས་དྲེགས་མྱོས་ནས།
69a2 རྡོ་རྗེ་ལས་ནི་བདུད་རྩི་འབྱུང་།། རྣལ་འབྱོར་ལྡན་པའི་ཤེས་རབ་ལག། པདྨ་ལ་ནས་བདུད་རྩི་བཏུང་།། རྣལ་འབྱོར་ལྡན་པའི་ཁ་ཡིས་ནི།། འཐུངས་པས་དེ་བཞིན་གཤེགས་ལྔ་ཡི།། སྐུ་ནི་ཡོངས་སུ་འགྱུར
69a3 པ་འཐོབ། ། ནམ་མཁའ་འདྲ་བའི་ཆོས་ཀུན་ལས།། ཐབས་དང་ཤེས་རབ་རྣམ་པར་འཕེལ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། སྐུ་ཡི་སྙིང་པོ་སྒྲུབ་པ་སྟེ།། འདོད་ལྔའི་ཡོན་ཏན་རྗེས་འཇུག་པའི།།
69a4 བྱང་ཆུབ་བདེ་བས་བསྒྲུངས་ན་ནི།། རྡོ་རྗེ་པདྨ་བྱ་ནི་བརླབས་ནས།། རྗེས་སུ་ཆགས་པས་འཐོབ་པར་འགྱུར།། གྲུབ་ཆེན་གསང་བའི་དངོས་གྲུབ་ནི།། སྡུག་བསྔལ་མེད་པའི་བདེ་བའི་ཐབས།
69a5 རྗེས་སུ་ཆགས་པས་བདེ་བ་ཡི།། རྡོ་རྗེ་ཐེག་པས་མཉེས་པར་འགྱུར།། སྦྱོར་བའི་ཁྱད་པར་འདི་ཡིས་ནི།། ལན་གསུམ་འཇུག་པའི་གསང་སྔགས་དང་།། ལས་ཀྱི་ཕྱག་རྒྱ་ངས་བཤད་དེ།། དེ་དག
69a6 ལག་པའི་ཕྱག་རྒྱ་དག། ཡེ་ཤེས་ཕྱག་རྒྱ་རབ་བསྐུལ་བས།། དམ་ཚིག་མཆོག་གིས་འགྲུབ་པར་འགྱུར།། ཐུབ་ཆེན་སྣ་ཚོགས་གཟུགས་མངའ་བ།། སྣ་ཚོགས་འཕྲིན་ལས་མཛད་པར་འགྱུར།།
69a7 དེ་ནས་ཕྱག་ན་རྡོ་རྗེས་ཁམས་གསུམ་གྱི་དམ་ཚིག་གི་འཁོར་ལོ་འདི་ཉིད་ཀྱི་རྡོ་རྗེའི་སྐུ་དང་།། གསུང་དང་།། ཐུགས་ལས་ཕྱུང་ངོ་།། ས་ནི་སྤྱན་དུ་བརྗོད་པ་སྟེ། ཆུ་ཁམས་མཱ་མ་ཀཱི་ཞེས་བཤད།




iiif viewer powered by OpenSeadragon

68b - 69b

Texts on this page

S428 - rgyud kyi rgyal po chen po sgyu 'phrul dra ba zhes bya ba