| | e-texts navigator
|
63a1 སྦྱོར་བ་གཅིག་པུ་གསང་ཆེན་ཡིན། ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་གིས་གསང་བའི་སྒྲུབ་པ་ཐོས་ནས་མགྲིན་གཅིག་ཏུ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏོ།།
63a2 གཙོ་བོ་རྡོ་རྗེ་རྣམ་སྣང་མཛད།། དཔའ་བོ་ཆེན་པོ་ལེགས་སོ་ཞེ།། ཟབ་མོ་ཆོས་ཀྱི་མཆོག་གྱུར་པ།། དམ་པ་བཤད་པ་མཛད་པ་ལོགས།། སེམས་ཅན་ཕན་ཕྱིར་ཐུགས་རྗེ་ཡི།། ལྕགས་ཀྱུས་ཀུན་ནས་འབར
63a3 བ་ལེགས། ། བདག་མེད་ཆོས་རྣམས་སྒྲུབ་པ་ཡི།། ཡེ་ཤེས་སྙིང་ཀུ་འབར་བ་ལེགས།། གསང་ཆེན་ཐམས་ཅད་བསྟན་པ་ཡི།། རྡོ་རྗེ་ཐེག་པ་ངེས་པར་གསུངས།། ཐེག་པའི་ཚུལ་འདི་ལ་གནས་ན།།
63a4 ། བླ་མེད་བྱང་ཆུབ་བདེ་བར་ཐོབ།། ཨོཾ་བཛྲ་ཨཾ་ཀུ་ཤ་ཨཱ་ཀཪྵ་ཡ་ཧཱུཾ། ཨོཾ་བཛྲ་པཱ་ཤ་བནྡྷ་ཧཱུཾ། ཨོཾ་བཛྲ་ཊཀྐི་རཱ་ཛཱ་ཡ་ཧཱུཾ། ཨོཾ་བཛྲ་མུཥྚིཾ་གྲྀཧྞ་ཧཱུཾ། ཨོཾ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ། ཨོཾ་བཛྲ་མུད་ག་ར
63a5 ཨཱ་ཀོ་ཊ་ཡ་ཧཱུཾ། ཡེ་ཤེས་ཀྱི་སྙིང་ཀས་སྙིང་པོ་ཅན་དུ་གྱུར་པའི་གསང་སྔགས་དག་པ་མཆོག་ཏུ་གྱུར་པ་དོན་ཡོད་པའི་ལས་འདི་དག་སུ་ལའང་བསྟན་པར་མི་བྱའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ
63a6 ལས་འདི་ནི་སྦྱར་བའི་ཐབས་ཀྱིས་སྒྲུབ་པའི་རིམ་པར་ཕྱེ་བའི་ལེའུ་སྟེ་བརྒྱད་པའོ། ། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོས་སྦྱོར་བའི
63a7 ལས་ཐམས་ཅད་ཀྱི་རྗེས་སུ་འབྲང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབབ་པ་ལ་སོགས་པའི་ལས་བྱ་བ་འདི་བཤད་དོ། ། ཨོཾ་ཞེས་བྱ་བ་མགོར་བཞག་སྟེ།། ཨ་ནི་བཞིན་གྱི
iiif viewer powered by OpenSeadragon
62b - 63b