e-texts navigator
Collection
Volume
Page
Wylie

60b1 བྱས་ན་ནི། ། ནམ་མཁའ་དག་ཀྱང་སྟོན་ཀའི་དུས་ལྟར་སྣང་།། མེ་ཡི་དཀྱིལ་འཁོར་ལ་གནས་སྣང་མཛད་ཀྱི།། ཞབས་དྲུང་དཔྲལ་འབྱེས་ནས་བྱུང་མི་གཡོ་ཟན།། བདུད་ལས་རྣམ་རྒྱལ་ཕྱག་དྲུག
60b2 མདའ་གཞུ་ཞགས། ། རལ་གྲི་འཁོར་ལོ་རྡོ་རྗེ་ཆར་འབེབས་པ།། ཁྲོ་བོ་གྲངས་མེད་པ་ཡིས་ཡོངས་བསྐོར་ནས།། བགེགས་རྣམས་སྲེག་མཛད་ཧཱུཾ་གི་སྒྲས་བཀང་ནས།། འཇིག་རྟེན་གསུམ་པོ་གང
60b3 བའང་རྣམ་པར་འཇིག། རྐང་རྗེས་ས་དང་མི་ཡི་ཁྲག་དག་ལས།། མི་ཡི་གཟུགས་བྱས་མི་རུས་ཕུར་བུ་ལ།། འོད་ཟེར་ཅན་གྱི་གསང་སྔགས་བསྒྲགས་པ་ཡིས།། ལན་གྲངས་ཉི་ཤུར་མངོན་བསྔགས
60b4 མིག་ཏུ་གདབ། ། ཚོགས་ཀྱི་བདག་པོའི་ཁར་ནི་མིང་བཅུག་ནས།། ཕྱི་བཞིན་རྡོ་རྗེ་གཏུན་ཤིང་དག་གིས་བརྡུང་།། ཨོཾ་སུམྦྷ་བཛྲ་མུ་ས་ལེ་ན། རྫུརྞྞ་ཡ་ན་ར་བིགྷྣཱ་ན་ཧཱུཾ་ཕཊ། ལས་འདི་བསམས
60b5 པས་མོད་ལ་ནི། ། མེ་ཡི་བགེགས་ཀྱང་བཟློག་པར་འགྱུར།། སྟང་ཟིལ་ཁ་དོག་ལྟ་བུ་ནམ་མཁའ་ལྡིང་།། ལུས་ལ་སྦྲུལ་སྟོང་དག་གིས་བརྒྱན་བྱས་པ།། མཁའ་ལེ་འདུག་ནས་གདེངས་ཀ་སྟོང་ལྡན
60b6 པའི། ། ཀླུ་བརྒྱད་དག་དང་ཆར་སྤྲིན་རྣམས་ལ་བསྒོ།། བརྒྱ་བྱིན་བཀའ་ནི་དེ་དག་གིས་ཐོས་ནས།། སྤྲིན་ཚོགས་བུམ་པའི་ཆར་གྱིས་མེ་ཡང་གསོད།། ནམ་མཁའ་ལྡིང་གིས་འདབ་མས་བཀབ་ནས
60b7 ནི། ། མཆུས་བརྐོས་ཆུ་ཀླུང་གིས་ནི་མཚམས་ཀྱང་བཅད།། ཨོཾ་བཛྲ་ནཱ་རཱ་ཡཀྵ། ནིར་བ་བཱ་ཡ། གབ་མ་མུ་མེ་གྷེ་ཧཱུཾ། ཞལ་རས་གསུམ་པ་སྟོན་ཀའི་ཟླ་བའི་མདོག། ཕྱག་བཞི་འོད་དམར




iiif viewer powered by OpenSeadragon

60a - 61a

Texts on this page

S428 - rgyud kyi rgyal po chen po sgyu 'phrul dra ba zhes bya ba