| | e-texts navigator
|
60a1 ཀཪྵ་ཙ་ཤ་ཡ་སཱུ་ཕཊ། སྦྱོར་བའི་རིམ་པ་འདི་ཡིས་ནི།། བསྐམས་འགྱུར་འདི་ལ་ཐེ་ཙོམ་མེད།། མཁས་པས་རླུང་གི་ཕྱོག་སོང་སྟེ།། དཀྱིལ་འཁོར་གྲུ་བཞིར་བྱས་ནས
60a2 ནི། ། སྤོས་ཀྱི་ཐིག་ལེ་བདུན་བྱས་ཏེ།། དེ་དག་ཁམ་པའི་བོར་པ་དགབ།། དེ་ནི་རི་རབ་ཐམས་ཅད་ནས།། རྩེ་མོ་བརྒྱད་པར་སྤྲུལ་བྱས་ཏེ།། རྡོ་རྗེ་འཕྲོ་བས་བརྒྱན་པ་ཡིས།། དེ་དག་རྣམས་ནི
60a3 མནན་པར་བྱ། ། ཡཾ་ཞེས་བྱ་བས་བསྐྱེད་པའི་རླུང་འདུན་རྣམས།། ལཾ་ཞེས་བྱ་བར་མཚན་མ་དབང་ཆེན་གྱི།། ནང་དུ་རླུང་རྣམས་ངེས་པར་ཆུད་པར་བྱ།། དེ་ལྟའི་སྦྱོར་བས་འཇིག་པའི་རླུང་ཡང
60a4 བཅིངས། ། པདྨ་འདབ་བརྒྱད་བསྒོམས་ནས་དེའི་འདབ་ལ།། ཀླུ་བརྒྱད་བཀོད་དབུས་མེ་ཚོགས་འབར་བ་ཅན།། རྡོ་རྗེ་ཁྲོ་བོའི་སྐུ་ཡི་ཞབས་མཐིལ་གྱིས།། ཀླུ་རྣམས་མནན་ན་ཆར་སྤྲིན་ཆར་པ་འདེབས།།
60a5 ཧཱུཾ་ཞེས་བྱ་བ་གཉིས་དབུས་ཀླུ་རྣམས་ཀྱི།། སྙིང་པོ་ཡོངས་བཅུག་སྤེལ་མས་གཟིར་ནས་སུ།། ཧཱུཾ་ཞེས་བྱ་བ་བཟླས་བརྗོད་བྱས་ནས་སུ།། འཇིགས་དུས་ཆར་པ་ལྟ་བུ་ཆར་པ་འབབ།། ཉི་མའི་མདོག
60a6 ལྟར་དམར་པོའི་འོད་བཟང་ཞལ། ། ནམ་མཁའ་ཁྱབ་པར་རྣམ་པར་གདངས་ནས་ནི།། ཀུན་ནས་ཆར་ཆུས་ཡོངས་སུ་གང་བའི་སྤྲིན།། ཧཱུཾ་ཞེས་བྱ་བའི་འབར་བའི་ལྕེ་ཡིས་བལྡག། དབུགས་རྔུབ་པ་ཡིས
60a7 བཀུག་ནས་དབྱུང་བ་ཡིས། ། ཤིང་བལ་བཞིན་དུ་རབ་ཏུ་གཏོར་བར་བྱ།། ཡང་ན་རང་གི་ཕྱག་རྒྱའི་ཚོགས་འབར་བ།། བཏང་བས་སྐད་ཅིག་ལ་ནི་བཅད་གཏུབས་ཏེ།། ཧཱུཾ་ཞེས་བྱ་བས་བསྡིགས་པ
iiif viewer powered by OpenSeadragon
59b - 60b