e-texts navigator
Collection
Volume
Page
Wylie

59b1 རྒྱུ་མ་ལང་ལོང་ནར་བར་བསམ།། ཨོཾ་ཧཱུཾ་བཛྲ་རཱཀྵ་ས། བྷ་ཀཱ་ཡ་ཐ་ཕཊ། རྡོ་རྗེ་སྲིན་མོ་བསྒོམས་ནས་ཀྱང་།། བྱ་རོག་ཝ་དང་བྱ་རྒོད་ཀྱིས།། ཀུན་ནས་ཡོངས་སུ་བསྐོར་ནས་སུ།། དེ་དག་ཟང་ཐོ་བ་བྱེད
59b2 པར་ནི། ། སྒོམ་ཞིང་མིང་ནས་སྐུལ་བར་བྱེད།། རླུང་གི་དཀྱིལ་འཁོར་ལ་གནས་པའི།། རྡོ་རྗེ་རྔ་མོ་རྣམ་བསམས་ཏེ།། བསྒྲུབ་པར་བྱ་བར་ཡོངས་བརྟགས་པས།། དེ་ཡི་རྒྱབ་ཏུ་ཞོན་ནས་སུ།། རྡོ་རྗེ་ཁྲོ་བོས
59b3 གཟིར་བཞིན་དུ། ། ལྷོ་ཕྱོགས་སུ་ནི་བཀྲི་བར་བྱ།། དེ་ཡི་རྐང་རྗེས་ས་ལ་ནི།། རླུང་གིས་རྩུབས་པའི་ཤིའི་ལོ་ལ།། དེ་ཡི་མིང་ནས་བརྗོད་བྱས་ཏེ།། རྡོ་རྗེ་སྣ་ཡོན་དྲུང་དུ་སྦ།། དེ་ལྟ་བུར་ནི་སྦྱོར་བའི་ལས།།
59b4 སྒོམ་ཞིང་ཆོ་ག་བཞིན་བྱས་ན།། བརྒྱ་བྱིན་ཉིད་ཀྱང་བསྐྲད་འགྱུར་ན།། ས་སྟེང་སྐྱེ་བོ་སྨོས་ཅི་དགོས།། དེ་མིང་གསང་དང་སྔགས་སྤེལ་ཏེ།། འུག་པའི་སྒྲོལ་བྲིས་ནས་ནི།། དགེ་སྦྱོང་བྲམ་ཟེའི་སྐས
59b5 དཀྲིས་ཏེ། ། ས་ཡི་འོག་ཏུ་བསྒོས་ནས་གཞུག། རྡོ་རྗེ་ཁྲོ་བོ་གཉིས་ཀྱིས་ནི།། འཐབ་མོ་འགྱེད་དུ་འཇུག་པར་བྱ།། དེ་ལྟར་བསམས་པའི་སྦྱོར་བ་ཡིས།། འདོད་པ་བཞིན་དུ་འབྱེ་བར་འགྱུར།
59b6 ཧཱུཾ་ཞེས་བྱ་བས་གང་བ་ཡི།། རྡོ་རྗེ་ཕྲ་མོ་བསྒོམས་བྱས་ནས།། རྣ་བའི་རྩེ་མོ་ནས་བཏོན་ཏེ།། བསྒྲུབ་བྱའི་ལུས་ནི་དགང་བར་བྱ།། ལུས་ཀྱི་ཚོགས་ནི་ཐམས་ཅད་དུ།། སྣ་ཚོགས་རྡོ་རྗེ་བཅིངས་ནས
59b7 སུ། ། རྡོ་རྗེ་འབར་བ་འཕྲོས་འགྱུར་བ།། དེས་ནི་ལུས་ཀྱང་བསྐམ་པར་བྱ།། རྡོ་རྗེ་མཁའ་འགྲོ་མ་བསྒོམས་ཏེ།། ཀུན་ནས་ཀྱང་ནི་གཞིག་པར་བྱ།། ཨོཾ་བཛྲ་ཌཱ་ཀི་ནཱ། ཨ་མུ་ཀ་སྱ་རཀྟ་ཨ




iiif viewer powered by OpenSeadragon

59a - 60a

Texts on this page

S428 - rgyud kyi rgyal po chen po sgyu 'phrul dra ba zhes bya ba