e-texts navigator
Collection
Volume
Page
Wylie

59a1 མེ་ཁྱེར་འདྲ་བཅུག་སྟེ། ། ཞགས་པ་ཡིས་ནི་དམ་དུ་བཟུང་།། དེ་ནི་རྡོ་རྗེ་སྒྲོག་ཏུ་གཞུག། བསྒྲིམས་ནས་དེ་ཡི་མིང་སྨོས་ཏེ།། དགྲ་བོའི་ལུས་ནི་མ་ལུས་པར།། པོ་སོ་ཆ
59a2 ཡི་ཚེར་མས་དབུག། མི་རུས་ལས་བྱས་ཕུར་བུ་འམ།། ཡང་ན་སེང་ལྡེང་ལས་བྱུང་བས།། དཔྲལ་བ་སྙིང་མགྲིན་དཔུང་མགོ་གཉིས།། གནས་ལྔ་དག་ཏུ་བསྒྲིམས་ཏེ་གདབ།། ནིམ་པའི་ཤིང་ལ་སྦར
59a3 བ་ཡིས། ། མེ་སྦར་བ་ལ་བསྐལ་བར་བྱ།། མཁས་པས་རྐང་པ་ནས་བརྩམས་ཏེ།། མཚོན་ཆ་རྣོན་པོས་གཏུབས་ནས་ནི།། འབར་བའི་ལུས་ཅན་ཁྲོས་པ་ཡིས།། དེ་ཡི་དུམ་བུ་སྦྱིན་སྲེག་བྱ།།
59a4 ལས་འདི་ལ་ནི་ལྷག་པར་ཡང་།། རུས་སྦལ་གྱི་ནི་རྐང་ཐབས་སྦྱར།། ཉི་མའི་གུང་ངམ་ནམ་ཕྱེད་ན།། ལས་ནི་འདི་ཉིད་བསྒྲུབ་པར་བྱ།། ལས་འདི་བྱས་ནས་ངེས་པར་ནི།། གང་ཞིག་རྒྱལ་བས
59a5 བསྲུངས་ནའང་དེས། ། ངེས་པར་འཆི་ན་ཁྱབ་འཇུག་དང་།། ལྷ་ཆེན་ཚངས་པས་ཅི་ཞག་སྨོས།། ཕྱི་རོལ་གྱི་དྲག་ཤུལ་སྤྱོད་པའི་ཆོ་གའོ།། གསོད་པའི་ཡེ་ཤེས་ལས་སྤྲུལ་ཏེ།། ནང་གི་ཡང་ནི
59a6 བཤད་པར་བྱ། ། བསྒྲུབ་བྱ་ཡིད་ཀྱིས་བསྲུངས་ནས་སུ།། ཆོ་ག་བཞིན་དུ་དགུག་པར་བྱ།། ལག་ན་རལ་གྲི་མཚོན་ཆ་དང་།། བེ་ཅོན་རྡོ་རྗེ་གཏུན་ཤིང་ཞགས།། ལག་ནས་འཁོར་ལོ་མདའ་གཞུ་ཅན།།
59a7 ཁྲོ་བོ་སྣ་ཚོགས་བསྣམས་པ་དེས།། བསྒྲུབ་བྱ་ཞགས་པས་བཅིངས་ནས་སུ།། རྡོ་རྗེ་ཡ་ནི་ཁྲོ་བོ་ཡིས།། ལྷོ་ཡི་ཕྱོགས་སུ་ཁྲིད་པ་དང་།། རྡོ་རྗེ་གཞན་གྱིས་བརྡེག་པ་དང་།། དེ་ནི་རལ་གྲིས་བཏུབ་པ་དང་།།




iiif viewer powered by OpenSeadragon

58b - 59b

Texts on this page

S428 - rgyud kyi rgyal po chen po sgyu 'phrul dra ba zhes bya ba