| | e-texts navigator
|
50a1 ཚུལ་དུ་བྱས་པ་འདི་ནི་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱའོ།། ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་བཅངས་པ་ལས་ཁྲོ་བོའི་མཛུབ་མོ་སྙིང་ཀར་བཞག་སྟེ། ལག་པ་གཡས་པ་ཐལ་ལྕག་གི
50a2 ཚུལ་དུ་བྱས་པ་ནི་ཁྲོ་བོ་བཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། ། རྡོ་རྗེ་ཁུ་ཚུར་གཉིས་ལ་མཐེའུ་ཆུང་ལུ་གུ་རྒྱུད་ལྟར་མདུན་ལ་མཛུབ་མོ་གཞིབས་ཏེ་བསྒྲེངས་པ་ལས་བཟློག་སྟེ་དཔྲལ་བར་བཞག་པ་ནི་རྔ་མགྲིན་གྱི་ཕྱག
50a3 ཏུའོ། ། ལག་པ་གཉིས་ཀྱི་མཐེ་བོས་སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱི་སེན་མོ་མནན་ལ་རལ་གྲི་ཤུབས་ནས་དབྱུང་བའི་ཚུལ་དུ་བྱས་པ་ནི་འཕགས་པ་མི་གཡོ་བའི་ཕྱག་རྒྱའོ།། ལག་པ་གཉིས་རྡོ་རྗེ་ཁུ་ཚུར
50a4 བཅངས་པ་ལས་རྒྱབ་སྤྲད་དེ་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིངས་ནས་མཛུབ་མོ་གཉིས་བསྒྲེངས་པ་ལས་ཞགས་པའི་ཚུལ་དུ་བྱས་པ་ནི་འདོད་པའི་རྒྱལ་པོའི་ཕྱག་རྒྱའོ། ། ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ
50a5 མོ་སྙིང་ཀར་བཞག་ལ། གཡས་པ་ཁྲོ་བོའི་སོར་མོ་བེ་ཅོན་གྱི་ཚུལ་དུ་ཕྱར་བ་ནི་བེ་ཅོན་སྔོན་པོ་ཅན་གྱི་ཕྱག་རྒྱའོ།། ལག་པ་གཡོན་པ་རྡོ་རྗེ་སྙིང་ཀར་བཞག་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་རྡེག་སྟངས་དང་བཅས་པར
50a6 ཕྱར་བ་ནི་སྟོབས་པོ་ཆེའི་ཕྱག་རྒྱའོ། ། ལག་པ་གཉིས་སོ་སོར་ཁུ་ཚུར་བཅངས་ལ། མཛུབ་མོ་དང་གུང་མོ་བསྒྲེངས་ཏེ་སྤྲད་ནས་མེ་ཏོག་གི་ཚུལ་དུ་བྱས་པ་ནི་བྱམས་པའི་ཕྱག་རྒྱའོ།། ལག་པ་གཉིས་ཐལ་མོ་ཁོང
50a7 སྟོང་དུ་སྦྱར་ནས་མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་སེན་མོ་མནན་ནས། ཨུཏྤ་ལ་ཁ་བྱེ་བའི་ཚུལ་དུ་བཞག་པ་ནི་འཇམ་པའི་དབྱངས་ཀྱི་ཕྱག་རྒྱའོ།། ལག་པ་གཡོན་པ་པང་པར་བཞག་པ། ལ
iiif viewer powered by OpenSeadragon
49b - 50b