| | e-texts navigator
|
27a1 གསོན་པ་ཡིས་ནི་ལྕགས་ཀྱུ་ཉིད།། སངས་རྒྱས་ཀྱི་ནི་སྤྲིན་འཕྲོ་ཞིང་།། ལེགས་པར་སྒྲུབ་ཕྱིར་སླར་ཡང་སྡུད།། འོད་ཟེར་ཆེན་པོས་རབ་གསལ་ཞིང་།། ཡེ་ཤེས་རྒྱ་མཚོའི་འོད་དང
27a2 མཚུངས། ། འདི་འདྲ་རྟག་ཏུ་སེམས་བྱེད་པ།། ནམ་མཁའི་སྙིང་པོ་ཐུབ་པ་ཆེ།། འདུ་བྱེད་ཐམས་ཅད་སྤངས་པ་ཡི།། མཁའ་དང་མཉམ་པར་དེ་འགྱུར་རོ།། ནམ་མཁའི་སྣང་བར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ
27a3 བའི་ཏིང་ངེ་འཛིན་ཏོ། ། ལ་ཡི་ཡེ་ཤེས་ལས་བསྒྲུབས་པ།། རྒྱལ་བ་ཐམས་ཅད་ཀྱིས་ཀྱང་བརྒྱན།། ལྷ་མོ་སྤྱན་གསུམ་ཕྱག་བརྒྱ་པ།། ཞལ་གསུམ་གསེར་གྱི་མདོག་དང་མཚུངས།། སྒེག་པའི་ཆ་ལུགས་ལེགས
27a4 འཆང་བ། ། ཅུང་ཟད་བཞད་པས་འདོད་ཆགས་མོ།། དང་པོའི་ཕྱག་ནི་མཆོག་སྦྱིན་མཛད།། དེ་བཞིན་གཉིས་པ་མི་འཇིགས་སྦྱིན།། ཕྱག་གསུམ་པ་ནི་རྡོ་རྗེ་སྟེ།། བཞི་པ་ན་ནི་མདའ་ཡང་གསོར།། གཡོན་པ
27a5 སྡིགས་མཛུབ་ཞགས་པ་ཅན། ། རིན་ཆེན་སྙེམ་གཉིས་པ་ན།། གསུམ་པ་ན་ནི་བགྲང་འཕྲེང་སྟེ།། བཞི་པ་ག་ནུ་ཡིས་ལེགས་པར་བརྒྱན།། འོད་དམར་འོད་ཟེར་འཕྲེང་བ་ཅན།། ལྷ་རྣམས་འཇིགས་པས་སེམས་མྱོས
27a6 ཏེ། ། ལག་པ་ཐལ་མོ་སྦྱོར་བས་བྱེད།། སངས་རྒྱས་རྣམས་ཀྱི་སྤྲིན་འབྲོ་བར།། ཡེ་ཤེས་རྡོ་རྗེ་སྤྱན་མ་པསམ།། བྱང་ཆུབ་ཡན་ལག་འབྲས་བརྒྱན་པའི།། ལྷ་མོ་འདི་འདྲ་བ་སྒོམ་པར་བྱ།། ཡེ་ཤེས་སྤྱན
27a7 གྱིས་སྣང་བར་བྱེད་པའི་རྡོ་རྗེ་འཇོ་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། མ་ཡི་ཡེ་ཤེས་ལས་བསྒྲུབས་པ། རྡོ་རྗེ་རིགས་ཅན་མཱ་མ་ཀཱི།། ལྷ་མོ་ཞལ་གསུམ་ཕྱག་དྲུག་མ།། དགོད་ཅིང་ཞལ་རས་ཁྲོ་དང་བཅས།
iiif viewer powered by OpenSeadragon
26b - 27b