| | e-texts navigator
|
25b1 རྒྱས་སོ། ། རིག་པའི་ལྷ་མོ་རྣམས་ཀྱི་ནི་རིགས་ཀྱི་ཡུམ་རྣམས་ཀྱིས་སོ།། ཁྲོ་བོ་རྣམས་ཀྱི་ནི་ཞལ་གྱི་ཕྱག་རྒྱས་སོ།། བྲན་རྣམས་ནི་ཞགས་པའི་ཕྱག་རྒྱས་སོ།། ཕོ་ཉ་རྣམས་ནི་ལྕགས་ཀྱུའི་ཕྱག་རྒྱས་སོ།།
25b2 དེ་དག་ལ་སོགས་པ་ནི་སྤྱན་དྲང་བའི་སྦྱོར་བའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་ཕྲུལ་དྲ་བ་ལས་འདི་ནི་གསང་སྔགས་རིམ་པར་ཕྱེ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས
25b3 རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།
25b4 ཕྱག་ན་རྡོ་རྗེ་རས་སམ་རྩིག་པ་ལ་སོགས་པ་ལ་གཟུགས་བརྙན་བསྒྲུབ་པ་དམིགས་པ་གང་གིས་གསང་སྔགས་འཆང་རྣམས་ཀྱི་ཡེ་ཤེས་རྫོགས་པར་འགྱུར་ཞེས། ཡེ་ཤེས་རྫོགས་པ་སངས་རྒྱས་ཉིད་བདེ་བླག་ཏུ
25b5 ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས་པའི་གསང་སྔགས་ཀྱི་ཚོགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གསང་ཆེན་བླ་ན་མེད་པ་བཤད་པར་བྱ་ཡིས་ཉོན་ཅིག། ཨོཾ་གྱི་ཡེ་ཤེས་ཀྱིས་བསྒྲུབས་པ།།
25b6 རྒྱལ་ཆེན་རྣམ་པར་སྣང་མཛད་ནི།། ཤེས་རབ་ཡེ་ཤེས་རབ་རྒྱས་པ།། སངས་རྒྱས་ཀུན་གྱི་མཆོག་གིས་མཆོད།། ཞི་བཟོར་ཙུགས་ཅོད་པན་འཆང་།། ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན།། གསར
25b7 གྱི་མདོག་ཅན་ཕྱག་དྲུག་པ། ། དང་པོ་བསམ་གཏན་ཕྱག་རྒྱ་ཅན།། བགྲང་འཕྲེང་ལྡན་ཞིང་མདའ་ཡིས་བརྒྱན།། གཡོན་གྱིས་ལྔ་མོའི་ནུ་མ་འཛིན།། འཁོར་ལོ་དང་ནི་གཞུ་ཐོགས་ཤིང་།། ལྷ་རྣམས་ཟེང
iiif viewer powered by OpenSeadragon
25a - 26a