e-texts navigator
Collection
Volume
Page
Wylie

23a1 འཁོར་གྱི་ལྷ་རྣམས་སྤྱན་དྲངས་ནས་གསལ་བར་བྱ་སྟེ། གཞུག་པ་དང་། བསྡམས་པ་དང་། དབང་དུ་བྱ་སྟེ། ཕུར་བུ་དང་། ར་བ་དང་། དྲ་བས་ཕྱོགས་བཅིང་བ་དང་། མཚམ
23a2 བཅད་པ་བྱས་ལ། མཆོད་ཡོན་དང་། ཞབས་བསིལ་དང་། གདན་དང་། མེ་ཏོག་དང་། བདུག་པ་ལ་སོགས་པའང་བསྔོས་ཏེ་ཕུལ་ནས་ཕྱག་རྒྱའི་ཚོགས་རང་རང་ལ་བསྟན་པར་བྱའོ།། བསྟོད་པ་དང་།
23a3 རྡོ་རྗེའི་གླུ་དང་། དྲིལ་བུ་གསིལ་བའི་སྒྲ་དང་། སིལ་སྙན་དང་། གླིང་བུ་དང་། རྒྱུད་ཀྱི་སྤྲིའི་ཁྱད་པར་ཡང་དབུལ་ལོ།། རོལ་མོའི་ཁྱད་པར་གཞན་རྣམས་ཀྱིས་ཀྱང་བསྟོད་པར་བྱའོ།། བསྟོད་ནས་བཟོད་པར
23a4 གསོལ་ཏེ་དངོས་གྲུབ་ཐམས་ཀྱི་ཕྱིར་གསོལ་བ་གདབ་པོ། ། དེ་ནས་སློབ་དཔོན་བདག་ཉིད་ཞུགས་ཏེ། དེའི་འོག་ཏུ་སློབ་མ་གཞུག་གོ།། དེ་ནས་སེམས་ཅན་ཐམས་ཅད་སྙིང་པོ་འདི་དང་ཕྱག་རྒྱས་གནས་ལྔར་བསྲུང
23a5 ། ཞིང་གནས་ལྔར་ཆོ་ག་བྱའོ།། ཧཱུཾ། ཛི་ནི་ཛི་ཀ། ཨཾ་ཨཱ་རོ་ལི་ཀ། ཧཱུཾ་བཛྲ་དྷྲྀ་ཀ། སཱ་རཏྣ་དྷྲྀ་ཀ། ཧཱ་པྲཛྙཱ་དྷྲྀ་ཀ། དེ་ནས་ཚིགས་སུ་བཅད་པ་འདིས་གཞུག་པར་བྱ་སྟེ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི།།
23a6 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཕོ་བྲང་དཀྱིལ་འཁོར་སྙིང་པོ་འདིར།། བདག་གིས་སློབ་མ་གཞུག་པར་བྱ།། རྡོ་རྗེ་སེམས་མས་མེ་ཏོག་གཏོར་བར་བགྱི་སྟེ། པྲ་ཏཱིཙྪ་བཛྲ་པོ། ཚིགས་སུ་བཅད་པ
23a7 འདིས་གདོང་གཡོགས་འགྲོལ་ལོ། ། དེ་རིང་དད་པའི་ཤུགས་ཀྱིས་ནི།། དཀྱིལ་འཁོར་དེང་འདིར་བལྟ་བར་གྱིས།། སངས་རྒྱས་གདུང་གི་རིགས་སུ་འཁྲུངས།། སྔགས་དང་ཕྱག་རྒྱས་བྱིན་གྱིས




iiif viewer powered by OpenSeadragon

22b - 23b

Texts on this page

S428 - rgyud kyi rgyal po chen po sgyu 'phrul dra ba zhes bya ba