e-texts navigator
Collection
Volume
Page
Wylie

20a1 ལ་ཚིག་འདི་རབ་ཏུ་བརྗོད་པར་བྱའོ། ། སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མཆེ་གེ་མོ་ཞིག་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས
20a2 ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་མིང་འདི་ཞེས་བྱ་བ་བྲི་ཡིས། ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡིད་དགས་དང་། ཤ་ཟ་དང་། བརྗེད་བྱེད་དང་།
20a3 འབྱུང་པོ་དང་། མཁའ་འགྲོ་མ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། རིག་སྔགས་གྲུབ་པ་དང་། རྒན་པོ་དང་། རྒན་མོ་གཡོག་དང་འཁོར་དུ་བཅས་པ་གང་དག་འཁོད་པ་རྣམས
20a4 དེངས་ཤིག། འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག། གང་དག་མི་འགྲོ་བ་དེ་དག་ནི་ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཀུན་ཏུ་འབར
20a5 པས་མགོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། ། ཞེས་ལན་གསུམ་བརྗོད་ནས། སྟང་སྟབས་ལ་གནས་བཞིན་དུ་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ།། གཡས་བརྐྱང་བ་དང་། གཡོན་བརྐྱང
20a6 བ་དང་། སེང་གེའི་འདུག་སྟངས་དང་། ཟླུམ་པོའི་འདུག་སྟངས་དང་། འཐུན་པའི་རྐང་སྟབས་དང་། རུས་སྦལ་གྱི་རྐང་སྟབས་དང་། རྡོ་རྗེ་གདེག་པ་དང་། རྡོ་རྗེ་འཇོ་ཚུལ་དང་། རྐང་པ་ཡ་གཅིག་གི་སྟངས
20a7 དང་། སེང་གེ་སྟབས་དང་། སེང་གེ་གླལ་བ་དང་། བུང་བ་འཕུར་བའི་སྟབས་དང་། རྡོ་རྗེ་སྒྲོག་དང་། རྡོ་རྗེ་གསོར་བ་དང་། རྡོ་རྗེའི་སྟང་སྟབས་དང་། རྡོ་རྗེ་དགུག་པ་དང་། རྡོ་རྗེ་གར་དང་། རྡོ་རྗེ་འཇིགས་སུ




iiif viewer powered by OpenSeadragon

19b - 20b

Texts on this page

S428 - rgyud kyi rgyal po chen po sgyu 'phrul dra ba zhes bya ba