e-texts navigator
Collection
Volume
Page
Wylie

15a1 ཚོགས་ཀྱི་བདག་པོ་རྣམས་དང་། གང་ཡང་མ་མོ་བདུན་པོ་རྣམས་དང་། གང་ཡང་གནོད་སྦྱིན་མོ་དང་། སྲིན་མོ་དང་། ཤ་མ་མོ་རྣམས་ཏེ། དེ་རྣམས་ཐམས་ཅད་ལྷན་ཅིག་འཐུན་པར་སྡེ་དང
15a2 བཅས་པ་འཁོར་དང་བཅས་པ་རྣམས་ཀྱིས་སྤྱོད་ལམ་དང་ལམ་རྣམས་སུའང་མཆོག་ཏུ་སྲུང་བ་དང་། སྐྱབ་པ་དང་། སླ་བ་བྱེད་པར་འགྱུར་རོ།། གཞན་ཡང་དེའི་ལུས་ལ་མདངས་དང་སྟོབས་རབ་ཏུ་འཇུག་པར་བྱེད
15a3 དོ། ། ནད་མེད་པ་དང་། སྟོབས་དང་། ཚེ་འཕེལ་བའང་ཉེ་བར་སྒྲུབ་པར་བྱེད་དོ།། འདི་ནི་འཁོར་ལོ་བཞི་པའི་རྗེས་སུ་བསྔགས་པ་བཅུ་དགུ་པའོ།། གཞན་ཡང་ལག་ན་རྡོ་རྗེ་རྡོ་རྗེ་འཆང་མཚན་ཡང་དག་པར་བརྗོད
15a4 པ་གཙུག་གི་ནོར་བུ་ཞེས་བྱ་བ་འདི་ཉི་མ་སོ་སོར་མ་ཉམས་པ་ཡང་དག་པར་བླངས་ཏེ་མགྲིན་པར་གནས་པ་ལན་གསུམ་དུ་ཁ་ཏོན་དུ་བྱེད་པ་དང་། གླེགས་བམ་དུ་ཆུད་པ་ཀློག་པར་བྱེད་པ་དང་། རབ་ཏུ་འདོན་པར་བྱེད
15a5 པ་དང་། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ལ་དམིགས་ཏེ། དེའི་གཟུགས་ཀྱི་རྗེས་སུ་སེམས་པར་བྱེད་པ་དང་། ཡང་དེའི་གཟུགས་ཀྱི་རྗེས་སུ་བསམ་གཏན་བྱེད་པ་དེ་ཉིད་སྤྲུལ
15a6 པའི་སྐུ་ཡིས་ཡུན་མི་རིང་བ་ཉིད་ལས་གདུལ་བྱའི་དབང་ཉེ་བར་གཟུང་ནས་མཐོང་བར་འགྱུར་རོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྣ་ཚོགས་པའི་སྤྲུལ་པའི་གཟུགས་ཀྱི་སྐུ་དང་ལྷན་ཅིག།
15a7 གནས་པ་ནམ་མཁའི་མཐིལ་ན་བཞུགས་པ་རྣམས་ཀྱང་མཐོང་བར་འགྱུར་རོ།། སེམས་དཔའ་ཆེན་པོ་དེའི་སྐྱེ་བ་ཇི་ལྟར་གྱུར་ཀྱང་ངན་འགྲོ་དང་ངན་སོ་ལྟུང་བའི་འཇིགས་པ་བྱུང་བར་མི་འགྱུར་རོ།། རིགས་ངན




iiif viewer powered by OpenSeadragon

14b - 15b

Texts on this page

S427 - 'jam dpal ye shes sems dpa'i don dam pa'i mtshan yang dag par brjod pa