e-texts navigator
Collection
Volume
Page
Wylie

14b1 དང་། དྲག་པོ་དང་། སྲེད་མེད་ཀྱི་བུ་དང་། ཀུན་འབྱེད་གཞོན་ནུ་དང་། དབང་ཕྱུག་ཆེན་པོ་དང་། སྨིན་དྲུག་གི་བུ་དང་། ནག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་། གཤིན་རྗེ་དང་། ཆུ་ལྒ་དང་། ལུས་ངག
14b2 དང་། འཕྲོག་མ་དང་། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྟག་པར་རྒྱུན་དུ་མཚན་མོ་དང་ཉིན་མོར་བཅས་པ་འགྲོ་བ་དང་། གནས་པ་དང་། ཉལ་བ་དང་། འདུག་པ་དང་། གཉིད
14b3 ལོག་པ་དང་། གཉིད་སད་པ་དང་། མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པ་དང་། གཅིག་པུར་གནས་པ་དང་། སྐྱེ་བོ་མང་པོའི་ནང་དུ་སོང་བ་དང་། ཇི་སྲིད་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང
14b4 ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ན་གནས་པ་དང་། དབང་པོའི་ཕུར་པ་དང་། སྒོ་ཁང་དང་། ལམ་སྲང་དང་། བཞི་མདོ་དང་། སུམ་མདོ་དང་། གྲོང་ཁྱེར་གྱི་བར་དང་། ཚོང་ཁང་གི་ནང་དུ་གནས
14b5 པ་དང་། ཇི་སྲིད་ཁང་སྟོང་དང་། རི་དང་། དགོན་པ་དང་། ཆུ་ཀླུང་དང་། དུར་ཁྲོད་དང་། ནགས་ཚང་ཚིང་དུ་ཉེ་བར་སོན་པ་དང་། འབགས་པ་དང་། མ་འབགས་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་རྟག
14b6 ཏུ་ཐམས་ཅད་ཀྱི་རྣམ་པ་ཐམས་དུ་མཆོག་ཏུ་སྲུང་བ་དང་། སྒྲུབ་པ་དང་། སྦེད་པ་བྱེད་པར་འགྱུར་རོ།། ཉིན་མོ་དང་མཚན་མོ་མཆོག་ཏུ་བདེ་ལེགས་སུ་བྱེད་པར་འགྱུར་རོ།། གཞན་ཡང་གང་ལྷ་དང་། ཀླུ་དང
14b7 གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་། མི་དང་། མི་མ་ཡིན་པ་རྣམས་དང་། གཞན་ཡང་གང་དག་གཟའ་དང་། རྒྱུ་སྐར་དང་། མ་མོ་དང་།




iiif viewer powered by OpenSeadragon

14a - 15a

Texts on this page

S427 - 'jam dpal ye shes sems dpa'i don dam pa'i mtshan yang dag par brjod pa