| | e-texts navigator
|
14a1 དད་པས་ཡང་དག་པར་བཟོད་པ་དེ་ལ་ནི་དུས་གསུམ་དུ་དུས་མེད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་འདུས་ཏེ་ཡང་དག་པར་གཤེགས་ཤིང་ཡང་དག་པར་ཕྱིན་ནས་ཆོས
14a2 ཅད་ཀྱི་སྒོ་རྣམས་ཉེ་བར་སྟོན་པར་འགྱུར་རོ། ། བདག་ཉིད་སྒོམ་པ་ཉེ་བར་སྟོན་པར་བྱེད་དོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཀྱང་ལུས་དང་། ངག་དང་། ཡིད་ཀྱི་རྒྱུང་ལ་ཡང་དག་པར་བྱིན་གྱིས
14a3 རློབ་པར་བྱེད་དོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེས་སུ་འཛིན་པས་ཀྱང་འཛིན་པར་བྱེད་དོ།། ཆོས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པའང་ཉེ་བར་སྒྲུབ་པར་བྱེད་དོ།། དགྲ་བཅོམ་པ་དང་། ཉན་པོས
14a4 དང་། རང་སངས་རྒྱས་ཐམས་ཅད་ཀྱང་འཕགས་པའི་ཆོས་ལ་སྡུག་པའི་བསམ་པ་ཉིད་ཀྱིས་བདག་གི་དངོས་པོའང་ཉེ་བར་སྟོན་པར་བྱེད་དོ།། གདུལ་དཀའ་བ་གདུལ་བ་པོ་རྣམས་ཀྱང་ཇོ་བོའི་རྒྱལ་པོ་ཆེན་པོ་དང་། རྡོ་རྗེ་འཆ
14a5 ཆེན་པོ་ལ་སོགས་པ་འགྲོ་བ་ཡོངས་སུ་སྐྱོབ་པར་གྱུར་པ་གཟུགས་སྣ་ཚོགས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་མདངས་དང་། སྟོབས་དང་། གཟི་བརྗིད་ཟིལ་གྱིས་མི་གནོན་པ་ཉིད་དང་། སྔགས་དང་། ཕྱག་རྒྱ་དང་། མངོན
14a6 པར་རྟོགས་པ་དང་། དཀྱིལ་འཁོར་རྣམས་ཆེ་བར་སྟོན་པར་བྱེད་དོ།། སྔགས་དང་། རེག་པའི་རྒྱལ་པོ་མ་ལུས་པ་དང་། བགེགས་དང་། ལོག་འདྲེན་དང་། བདུད་དང་། དགྲ་བྲིར་རྒོལ་བ་དང་། གནན་གྱིས་མི
14a7 ཐུབ་པ་ཆེན་པོ་ཐམས་ཅད་ཀྱང་མཚན་མོ་ཉིན་མོར་བཅས་པར་སྐད་ཅིག་སོ་སོར་སྤྱོད་པ་ཐམས་ཅད་དང་། ལམ་རྣམས་སུའང་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ།། ཚངས་པ་དང་། དབང་པོ་དང་། ཉེང་བ
iiif viewer powered by OpenSeadragon
13b - 14b