e-texts navigator
Collection
Volume
Page
Wylie

108a1 ཡང་ན་ཕྱོགས་གཅིག་ཏུ་གནས་ལ་མེ་ཐབ་གྲ་གུག་གསུམ་བྱས་ནས། དེར་སྔོན་དུ་གསུངས་པའི་རྫས་ཀྱིས་གཏུམ་པོའི་མེ་ལ་སྦྱིན་སྲེག་བྱ་སྟེ། སྦྱོར་བ་དེས་ནི་ངས་དེ་ཉིད
108a2 འགྲུབ་བོ། ། དེ་ནས་དཔྲལ་བར་འདོད་ན་བྱ་རོག་དང་། འུག་པ་དང་། རྨ་བྱ་དང་། སྦྲུལ་དང་། སྐྲ་དང་། འབྲས་པུལ་དང་། མ་ཧེ་དང་། རྟའི་ཤ་དང་ལྷན་ཅིག་ཏུ་གང་གི་མིང་དང་བཅས་པར་ཡི་གེ
108a3 བཅུ་པའི་སྔགས་ཀྱིས་དུར་ཁྲོད་ཀྱི་མེ་ལ་བསྲེགས་ན་དེས་འབྲལ་བར་འགྱུར་རོ། ། ཡང་ན་དུར་ཁྲོད་ཀྱི་ཤིང་ལ་གཏུམ་པོའི་མེ་རབ་ཏུ་སྦྱར་ལ་ཁྱིམ་དུ་གནས་ཏེ། གོང་གི་རྫས་དེ་བསྲེགས་ན
108a4 རྡོ་རྗེ་འཛིན་པ་ལྟ་བུའང་ཉི་མ་བདུན་གྱིས་འབྲལ་ལོ། ། དེ་ནས་བསྐྲད་པར་འདོད་ན་བྱ་རོག་གི་ཤ་དང་རྔ་མོའི་རྟུག་པ་དང་ལྷན་ཅིག་ཏུ་ཆང་དང་ཡང་དག་པར་ལྡན་པ་རླུང་གི་དཀྱིལ་འཁོར་གྱི་དབུས
108a5 སུ་དུར་ཁྲོད་ཀྱི་ཤིང་ལ་མེ་རབ་ཏུ་སྔར་ལ། གཅེར་བུ་སྐ་བཤིག་པར་བསྒྱུར་ནས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། གཤིན་རྗེའི་སྔགས་ཀྱིས་ཆེ་གེ་མོའི་མིང་དང་བཅས་པར་ལག་པ་གཡོན་པས
108a6 སྦྱིན་སྲེག་སྟོང་བྱས་ན། སྐྲོད་པ་ལས་གཞན་དུ་མ་ཡིན་ནོ།། དེ་ནས་རེངས་པར་འདོད་ན་བ་བླ་དང་། ཡུང་བ་དང་། ལྡོང་རོས་དང་། གིའུ་ཝང་དང་བཅས་པས་དཀྱིལ་འཁོར་གྲུ་བཞི་པ
108a7 བྱས་ལ་ཁ་བྱང་དུ་བལྟས་ཏེ་ལས་ཀྱི་རྗེས་སུ་འབྲང་བའི་སྦྱོར་བ་དམིགས་ནས། གང་གི་མིང་དང་བཅས་པར་སྦྱི་ནི་སྲེག་བྱས་ན། དེ་ཉི་མ་བདུན་གྱིས་རེངས་པར་འགྱུར་རོ།། དེ་ནས་གྲོང་བསྐྲད




iiif viewer powered by OpenSeadragon

107b - 108b

Texts on this page

S430 - dpal rdo rje 'jigs byed kyi chen po'i rgyud ces bya ba