| | e-texts navigator
|
105b1 བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུའོ།། གཡོན་པའི་དང་པོ་ན་ཐོད་པ། གཉིས་པ་ན་མགོ་བོ། གསུམ་པ་ན་ཕུ་བ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཅུ། བདུན་པ་ན་རྒྱུ་མ།
105b2 བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་མ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པས་སྡིགས
105b3 མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་གིས་ཕྱར་བའི་དུར་ཁྲོད་ཀྱི་རས། ཕྱག་གཉིས་གླང་པོ་ཆེའི་པགས་པ་རློན་པ་འཛིན་པའོ།། ཞབས་གཡས་པའི་དང་པོས་མི། གཉིས་པས
105b4 མ་ཧེ། གསུམ་པས་གླང་། བཞི་པས་བོང་བུ། ལྔ་པས་རྔོ་མོ། དྲུག་པས་ཁྱི། བདུན་པས་ལུག། བརྒྱད་པས་ཝ། ཞབས་གཡས་པས་འདི་དག་ལ་ཞོན་པའོ།། ཞབས་གཡོན་པའི་དང་པོས་བྱ་རྒོད། གཉིས
105b5 པས་འུག་པ། གསུམ་པས་བྱ་རོག། བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པས་ཁྱུད་ཆེན་པོ། བདུན་པས་རི་སྐེགས། བརྒྱད་པས་བཞད། ཞབས་གཡོན་པས་འདི་དག་མནན་པོའོ།། དཔལ་འཇིགས
105b6 བྱེད་ཆེན་པོའི་དང་པོའི་ཞལ་ནི་རབ་ཏུ་གནག་པ་མ་ཧེའི་རྣམ་པ་ཤིན་ཏུ་ཁྲོས་པ་ཅན། རྭ་གཡས་ཀྱི་ཞལ་གསུམ་པ་དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་སེར་པོ་སྟེ། མངའ་བདག་གི་ཞལ་གསུམ
105b7 ཤིན་ཏུ་ཁྲོས་པ། ར་གཡོན་པར་ཞལ་གསུམ་ལ་དང་པོ་དཀར་པོ། གཉིས་པ་དུད་ཁ། གསུམ་པ་ནག་པོ་རབ་ཏུ་ཁྲོས་པ། གཙིགས་པའི་ཞལ་རབ་ཏུ་བསམ་པར་བྱོར།། ར་གཉིས་ཀྱི་བར་དུ་དབུས་ཀྱི་ཞམ
iiif viewer powered by OpenSeadragon
105a - 106a