| | e-texts navigator
|
100b1 ། ཁ་ལྷོ་རུ་བལྟས་ནས་ཁྲིད་པའི་རྣམ་པར་བསམ་པར་བྱའོ།། འཁོར་ལོ་དི་དེའི་སྙིང་ཁར་གོང་དུ་གསུངས་པའི་ཆོ་ག་ལས་བསྒྲུབ་བྱའི་མིང་དང་སྦལ་བ་ཡང་དག་པར་བྲིས་ལ་བཅུག་ན་ཞག་བདུན་གྱིས་ཐེ་ཙོམ
100b2 མེད་པར་སྐྲོད་པར་འགྱུར་རོ། ། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་ཏེ། ཉི་མའི་ཚེས་གཏུམ་པོ་ཚ་བའི་མར་ཁུས་བྱུགས་ལ་ནིམ་པའི་ཤིང་ལ་འཛེགས་ནས། དེར་བཞག་ལ་དེའི་ལུས་ཀྱི་མར་ཁུ
100b3 ཕྱིས་ཀྱིས་བཞར་ལ་དེར་གནས་པར་གཟུང་ངོ་། ། མར་ཁུ་དེ་བླངས་ནས་ལྷ་ཆེན་པོའི་རྒྱལ་མཚན་གྱི་རས་བླངས་ལ་དེ་བསྲེགས་པའི་བར་གྱི་དུ་བའི་དྲེག་པ་དེ་དང་མར་ཁུ་དེ་གཅིག་ཏུ་བྱས་ལ་བསྐྲད་པར
100b4 འདོད་པ་དེའི་མཆིལ་ལྷ་མ་ལ་དེ་བསྐུའོ། ། དེའི་ལག་པ་དང་རྐང་པ་གཉིས་ལའང་བྱུགས་ན་སྐད་ཅིག་གིས་དེ་སྐྲོད་དོ།། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ་ནི་དུར་ཁྲོད་ཀྱི་རས་སམ། གྲོ་གིས
100b5 ལོ་མ་ལ་རླུང་གི་དཀྱིལ་འཁོར་བྱ་རོག་གི་ཁྲག་དང་བྱ་རོག་གི་སྨྱུ་གུས་བྲི་བར་བྱ་སྟེ། རླུང་གི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་ཏེ་གཏོར་མ་ཟ་བའི་མགྲིན་པར་བཅིངས་ལ། བྱ་རོག
100b6 བཟུངས་ནས་མ་ཧེའི་གདོང་པའི་སྦྱོར་བར་གནས་པས་ཁ་ལྷོར་བལྟས་ལ་འཕང་སྟེ། དེའི་སྐད་ཅིག་གིས་བྱ་རོག་བཞིན་ས་ཀུན་ཏུ་འཁོར་རོ།། གཞན་ཡང་བསྐྲད་པ་ནི་ཚ་བའི་མར་ཁུས་བསྐུས་ལ
100b7 ནིམ་པའི་ཤིང་ལས་གཏོར་མ་ཟ་བའི་ཚང་བླངས་ལ། ཚང་དེའི་ཤིང་ཕའི་ནགས་ཀྱི་ཤིང་མེས་བསྲེགས་པའི་ཐལ་བ་དེ་བླངས་ལ་གང་གི་མགོར་བླུགས་པ་དེ་སྐོད་པར་འགྱུར་རོ།། གཞན་ཡང
iiif viewer powered by OpenSeadragon
100a - 101a