e-texts navigator
Collection
Volume
Page
Wylie

395a1 ཏིང་འཛིན་སྔགས་དང་རྫས་རྣམས་ཀྱིས།། རང་གི་བྱ་བ་ནན་ཏན་བྱོས།། ཞེས་གསུངས་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། བསྟན་པ་ལ་བནོད་པ
395a2 ལ་དབབ་པའི་ལེའུ་སྔགས་ཀྱི་ཕོང་བསྟན་པ་སྟེ་དྲུག་པའོ། ། །། དེ་ནས་གནོད་སྦྱིན་གཏུམ་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་སླད་མའི་དུས་ན་གདུག་པ་ཅན་ཕྱག་བརྙན
395a3 བཅས་པའི་སྦྱོར་བའི་མཐུ་བཟློག་པའི་ཐབས་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་སྦྱོར་བའི་མཐུ་བཟློག་མ།། རང་ལུས་སྦས
395a4 ཏེ་དེ་དག་གི། མིག་གི་འབྲས་བུ་བཅར་བར་བྱ།། རང་ལུས་སྦ་བར་བྱ་བ་ནི།། སྐྱེ་འགྲོ་མི་ཡི་འབྲས་བུ་བཅར།། ནག་པོ་ཁཱ་ཏའི་འབྲས་བུ་དང་།། ཙ་ར་རོག་པོའི་འབྲས་བུ་གཉིས།། མིག་ལངས
395a5 ཏེ་ནོར་བུ་བཙལ། ། རྙེད་ནས་ལུས་བཅང་རི་ཁྲོད་འགྲིམ།། དེ་དག་རྙེད་པར་མ་གྱུར་ན།། གསེར་དང་དངུལ་རྡོ་ཞ་ཉེའི་རྡོ།། སྤྲ་ཚིལ་དང་ནི་ཨ་རུ་ར།། བ་རུ་ར་དང་པི་པི་ལིང་།། ཕོ་བ་རིལ་རྣམས
395a6 བསྙམས་ཏེ། བཞུ་སྟེ་རྫི་དང་རླངས་ལ་བཟབ།། དེ་དག་གཞན་གྱི་སྦྱོར་བ་ཡིས།། བདག་གམ་གཞན་ལ་ཚེ་འགྱུར་ན།། དྲེགས་པ་ཀུན་གྱི་འབྲས་བུ་བཅར།། ལྟོ་འཕྱའི་ཤ་དང་སྦལ་འདྲའི་ཤ།
395a7 ས་ཆུ་དག་ན་གནས་པོའི་མི།། གླང་མའི་སྒྲོན་ཤིང་འབྲས་བུ་དང་།། མེ་མ་གཏང་བའི་དྲ་བ་དང་།། ལག་གཟི་དྲི་ཆེན་དང་།། སེམས་པ་ཆགས་པའི་བ་རྣམས་ཀན།། ལེགས་པར་ནམངན་བྱས




iiif viewer powered by OpenSeadragon

394b - 395b

Texts on this page

S421 - dpal rdo rje gtum po thugs gsang ba'i rgyud phyi ma'i phyi ma