e-texts navigator
Collection
Volume
Page
Wylie

371b1 ནཱ་ག་རཱ་ཛ་ས་མ་ཡ་སྭཱ་ཧཱ། ཞེས་བཀའ་སྩལ་པས། ཀུན་ཀྱང་ཚིམ་པར་གྱུར་ཏོ།། དེ་དག་ཀུན་གྱིས་ཀྱང་མགྲིན་གཅིག་གིས་དམ་ཚིག་གི་རིམ་པ་ཕུལ་བ། དཔའ་བོ་ཆེན་པོ་ཁྲོ་བོའི་བདག། ཁྱོད་ཀྱི
371b2 བཀའ་ལས་འདས་གྱུར་ན། ། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་།། དུམ་བུ་རགས་ནས་རུལ་བར་ཤོག། ཏུདྱ་ཐཱ། ཨོཾ་ཙ་ཊཱ་ཙནྡ། བི་ཙ་ཊ། ཤ་ཐ་ཤ་ཐཱ། སཱ་ཙ་རཱ་ཙི་ཏེ་སྭཱ་ཧཱ། ཞེས་གསོལ་ཏོ།།
371b3 དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། གདུག་པ་ཅན་བཀའ་ལ་བཏགས་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཡང་ལྷའི་དབང་པོ་ཆེན་པོས་གསོལ་པ། ཀྱེ་རྡོ་རྗེ
371b4 ཁྲོ་བོ་དག་དྲེགས་པ་ཅན་འདི་དག་ཤིན་ཏུ་མ་རུངས་པར་གྱུར་ན། ལ་ལ་དག་ནི་རུས་པ་ཆག་ཅིང་གྲུགས། ལ་ལ་དག་ནི་ཚེའི་འདུ་བྱེད་མཐའ་ལ་གཏུགས་སུ་ཉེ། ལ་ལ་དག་ནི་ནམ་མཁའ་ལྡིང་དབུའི
371b5 གཙུག་ཏོར་ན་གནས་པས་ལེན་པའི་སྡུག་བསྔལ་གྱིས་གཟིར། ལ་ལ་དག་ནི་ཁྲག་བསྐམས། ལ་ལ་དྲག་ནི་སེན་མོ་དང་ཡན་ལག་ཆག། ལ་ལ་དག་ནི་གཏི་མུག་གི་གཉིད་ལོག་པས་བྱང་ཆུབ་ཀྱི་སྙིང་པོ་མི་ཤེས
371b6 ལ་ལ་ངག་ནི་རྩ་དང་རྒྱུས་པ་ཆད་དེ་ནད་རྣམ་པ་སྣ་ཚོགས་ཀྱིས་གདུངས། ལ་ལ་ངག་ནི་ལུས་ཀུན་ཚ་བའི་ནད་ཀྱིས་ཉམ་ཐག། ལ་ལ་དག་ནི་རྩི་ཤིང་ཡང་མི་གྲག། ལ་ལ་དག་ནི་ཉོན་མོངས་པ་རྒྱས་ཏེ་སྔོན་སེམས་བསྐྱེད་པ་རྗེས
371b7 སུ་མི་དྲན། ལ་ལ་དག་ནི་སེམས་བསྐྱེད་པ་རྗེས་སུ་དྲན་ཡང་དེ་བཞིན་གཤེགས་པའི་ཞལ་མི་མཐོང་། ལ་ལ་དག་ནི་ཡི་དགས་ཀྱི་ཁམས་ལྟ་བུ་སྟེ་ཁ་ཟས་ཀྱི་སྐལ་བ་དང་མི་ལྡན་ན། འདི་དག་གསོ་བའི




iiif viewer powered by OpenSeadragon

371a - 372a

Texts on this page

S419 - dpal rdo rje gtum po thugs gsang ba'i rgyud dpal gtum po