e-texts navigator
Collection
Volume
Page
Wylie

370a1 ནས་རྔམ་པའི་སྒྲ་སྒྲོག་པ་དེ་དག་ཀུན་ཀྱང་ཁྲོ་བོའི་སྟང་སྟབས་དང་། མཆོངས་པ་དང་། འགྱིང་བ་དང་། རྩེ་བ་དང་། སྤྱན་བགྲད་པ་དང་། མཆེ་བ་གཙིགས་པ་དང་། ཁྲོ་གཉེར་མི
370a2 བཟང་པ་གཙིགས་པ་ཤིན་ཏུ་མི་བཟད་པའི་ཁྲོ་བོར་སྤྲུལ་ཏེ། རྩི་མཆོག་གི་རྒྱལ་པོ་མ་གྷ་དྷའི་དྲིར་ལྡན་པས་གདུག་པ་ཅན་ཀུན་གྱི་སྙིང་རབ་ཏུ་རུལ་བར་བྱེད་པ། དེ་ལྟ་བུའི་འབར་བའི་ཁྲོ་བོ་དེ་དག་སྤྲུལ་རབ
370a3 ། ཏུ་སྤྲུལ་པར་གྱུར་ཏོ།། དེ་ནས་རྣམ་པའི་གསུང་གིས་དྲག་པོའི་སྔགས་བཀའ་སྩལ་པ། ཨོཾ་བཛྲ་ཙཎྜ། ཨོཾ་བི་པུ་ལེ། ཨོཾ་བཛྲ་ཙཎྜ་པྲ་བ་ར་ནཱ་ག། ཨོཾ་བཛྲ་ཙཎྜ་མ་ཧཱ་ནཱ་གོ་ཧྲྀ་ད་ཡ། ཨཱ་བརྟེ།
370a4 ཛྭཱཛྭ་ལ་ཛྭཱ་ལ། སརྦ་ནཱ་ག་ཧྲྀ་ད་ཡཱ་ནི། ཨཱ་བརྟེ་ཛྭཱ་ལ། སརྦ་ནཱ་ག་ཧྲྀ་ད་ཡཱ་ནི། ཀི་མི་ཀི་མི། ནཱ་ག་ཀུ་ལན་བི་དྷྭཾ་ས་ནི། ཧ་ན་ཧ་ན། སརྦ་ནཱ་ག་དུཥྚཾ། ཧྲྀ་ད་ཡཱ་ནི། ད་ཧ་ད་ཧ། སརྦ་དུཥྚཱ་ན་ནཱ་ག་བ་ན་ནི
370a5 པ་ཙ་པ་ཙྱ། པཱ་ཙ་ཡ་པཱ་ཙ་ཡ། སརྦ་དུཥྚཱཾ་ནཱ་གཱ་ནཱཾ། ཨ་ཀྲ་མ། ཨ་ཀྲ་མ་སཱུ་ཏྲ་མ་ས་ཀ་ར་བི་མ་ལི། བི་ཀྲ་མཾ། མ་ཧཱ་ནཱ་ག་ཏེ་ཛ་བ་རེ་སྭཱ་ཧཱ། ཞེས་པས་དེ་དག་ཐམས་ཅད་ཡུར་ཡུར་པོར་གྱུར་ཏོ།། སྟོང་གསུམ
370a6 གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་པར་གྱུར་ཏོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། དབང་དུ་བསྡུས་པའི་ལེའུ་སྟེ
370a7 བདུན་པའོ། ། ། དེ་ནས་དྲེགས་པ་ཅན་དེ་དག་ཟིལ་གྱིས་མནན་པའི་ཕྱིར་རྡོ་རྗེ་ནམ་མཁའ་ལ་གསོར་བས། དྲེགས་པ་ཅན་དེ་དག་ཤིང་ལོ་རླུང་རྒྱལ་གྱིས་བསྐྱོད་པ་བའི་མམོ།། དེ་ནས




iiif viewer powered by OpenSeadragon

369b - 370b

Texts on this page

S419 - dpal rdo rje gtum po thugs gsang ba'i rgyud dpal gtum po