e-texts navigator
Collection
Volume
Page
Wylie

367a1 དེ་དག་གི་འཕྲོ་འདུ་ལས་གྲུ་གསུམ་མཐིང་ནག་ནམ་མཁའ་དང་། སྔོ་སྐྱ་རླུང་ཟླ་གམ་དང་། དམར་ནག་རཀྵའི་རྒྱ་མཚོ་དང་། སེར་ནག་ཞིང་ཆེན་ས་གཞི་དང་། དཀར་སྐྱ་ཀེང
367a2 རུས་རི་རབ་དང་། སྣ་ཚོགས་རིན་པོ་ཆེའི་གཞལ་ཡས་ཁང་མཐིང་ནག་རྡོ་རྗེ་རྒྱ་གྲམ་ལས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་གྱུར་ཏོ།། ཆོས་ཉིད་མི་འགྱུར་ལྷུན་གྱིས་གྲུབ་པའི་ལྟེ་བའི་མཐིང་ནག་ཟླུམ་པོ
367a3 འཕྲིན་ལས་རྣམ་པ་བཞིས་ལྷུན་གྱིས་གྲུབ་པའི་རྒྱ་གྲམ་གྱི་རྩེ་མོ་ཕྱོགས་བཅུར་འཕྲོ་བ། བར་མཚམས་རིན་པོ་ཆེ་སྣ་བཞི་ལས་ལྷུན་གྱིས་གྲུབ་པ། གྲུ་ཆང་རིན་པོ་ཆེ་ལྗང་ཁུར་སྣང་བ། སྒྲ་བཞི་རིན་པོ
367a4 ཆེ་སྣ་བཞི་ཚད་མེད་པ་བཞིའི་འཕྲིན་ལས་སུ་སྣང་བ། སྣ་ཚོགས་ཀྱི་རྒྱན་རང་བཞིན་དུ་སྣང་བ། རང་བྱུང་བར་གྱུར་ཏོ།། དེ་ནས་ཧཱུཾ་མཐིང་ནག་ཁྲོ་བོའི་ས་བོན་དེ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོའི་འོད་ཚ་ཚ་ལྟར
367a5 འཕྲོས། རྡོ་རྗེ་ཕྲ་མོའི་འོད་ཟེར་ལ་རྡོ་རྗེ་ལྕགས་ཀྱུ་ཕྲ་མོ་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཀུན་དང་། སྲོག་ལ་རྔམ་པའི་སྲིན་པོ་ཕོ་མོ་སྣ་ཚོགས་པ་བཀུག་སྟེ། གཞལ་ཡས་ཁང་གི
367a6 ཕྱི་རོལ་ཏུ་ཤིང་རྩ་བ་ནས་བསྒྱེལ་བ་བཞིན་དུ་གྱུར་ཏེ་རི་མོ་བཞིན་གཡོ་བ་མེད་པར་གྱུར་ཏོ། ། མཐུའི་བྱིན་གྱིས་རླབས་ཀྱིས་འཁོར་ལོའི་ལྟེ་དབུས་སུ་རྡོ་བ་བསྒྱུར་བ་བཞིན་དུ་གྱུར་ཏོ།། དེ་བཞིན་གཤེགས་པ
367a7 ཐམས་ཅད་ཀྱིས་ཀྱང་སྟིར་བཾ་ཞེས་བརྗོད་པས་སྲིན་པོ་ཕོ་མོ་དྲན་པ་རྙེང་དེ་མདུན་དུ་གྱུར་ཏོ། ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། གཞལ་ཡས་ཁང་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཞི




iiif viewer powered by OpenSeadragon

366b - 367b

Texts on this page

S419 - dpal rdo rje gtum po thugs gsang ba'i rgyud dpal gtum po