| | e-texts navigator
|
366b1 སྐད་ཅེས་གསུང་ངོ་། ། གསང་བའི་བདག་པོ་ཁྱོད་ཤིན་ཏུ་ཁྲོས་པའི་ཚུལ་གྱིས་སྟོན་ལམ་འཕྱིས་པའི་སྟོབས་ཀྱིས་དྲེགས་པ་ཅན་ཐུལ་ཅིག་ཅེས་བསྒོའོ།། གཞན་ཡང་རིག་སྔགས་དང་། གསང་སྔགས
366b2 དང་གཟུངས་སྔགས་ཀྱི་བདག་པོ་ཐམས་ཅད་འདུས་ཏེ། རིགས་ཀྱི་བདག་པོ་དང་། རིགས་ཀྱི་ཡུམ་དང་། རིགས་ཀྱི་ཁྲོ་བོ་དང་། རིགས་ཀྱི་སྤྲུལ་པ་དང་། རིགས་ཀྱི་ཕོ་ཉ་མོ་ལ་སོགས་པ་ཐམས
366b3 ཅད་འདུས་ནས་མགྲིན་གཅིག་ཏུ་བཀའ་སྩལ་པ། གསང་བའི་བདག་པོ་གདུལ་བྱའི་ཞིང་འདི་དག་ཞི་བའི་ཆ་བྱད་ཀྱིས་མི་འདུལ་བས། ཞེ་སྡང་དང་གདུག་སེམས་སུ་བཅས་པ། ཉོན་མོངས་པ་རང
366b4 དགའ་མར་སྤྱོད་པ། འདོད་པའི་སྐོམ་གྱིས་གདུངས་པ་འདི་དག་ཁྱོད་ཀྱི་མཐུའི་སྟོབས་ཀྱིས་ཤིན་ཏུ་ཁྲོས་པའི་ཆ་བྱད་སྟོན་ལ་མ་འཕྱི་བར་མྱུར་བར་རབ་ཏུ་ཐུལ་ཅིག་ཅེས་བཀའ་བསྒོའོ།། དེ་ནས་སྐུ་མི་སྣང་བ
366b5 ཡེ་ཤེས་ཆེན་པོའི་ངང་ལ་བཞུགས་སོ། ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། ཁྲོ་བོར་བཀའ་བསྒོ་བའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་རིགས་ལྔ་ཡབ་ཡུམ
366b6 གཉིས་སུ་མེད་པའི་མཁའ་ལས་ཐུགས་རྗེ་ཁྲོས་པའི་ས་བོན་ཧཱུཾ་མཐིང་ནག་ཧ་ལ་ནག་པོའི་མདོག་ལྟ་བུ་འོད་ཟེར་སྣ་ཚོགས་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་དག་བྱུང་སྟེ། དེའི་བྱིན་གྱིས
366b7 རླབས་ལས་ཐུགས་རྗེའི་བྱིན་གྱི་རླབས་ལས་ཨེ་མཐིང་ནག་དང་། ཡཾ་སྔོ་སྐྱ་དང་། རཾ་ཁཾ་དམར་ནག་དང་། སུ་སེར་ནག་དང་། རཾ་དམར་ནག་དང་། ཀོ་དཀར་སྐྱ་དང་། སྣ་ཚོགས་པའི་བྲུཾ་འཕྲོས་པར་གྱུར་ཏོ།།
iiif viewer powered by OpenSeadragon
366a - 367a