| | e-texts navigator
|
365a1 བདག་པོ་ཞི་བས་མི་འདུལ་བའི་སེམས་ཅན་ལ་ཐམས་ཅད་ཁྲོས་པའི་ཚུལ་གྱིས་གདུལ་དུ་གསོལ་ཞེས་བཀའ་སྩལ་ཏོ། ། ཨོཾ་བཛྲ་པཱ་ཎི་ཀྲོ་དྷ་ཀྲོ་དྷ་ཧཱུཾ་ཧཱུཾ། ཞེས་ཆེད་དུ་བརྗོད་པ
365a2 ལན་གསུམ་ཆེད་དུ་བརྗོད་པས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་མཆེ་བ་གཙིགས་ཤིང་འཚམ་པ། མིག་མེ་མདག་གི་ཕུང་པོ་ལྟར་འབར་བ། དབུགས་དུར་ཁྲོད་ཀྱི་མེ
365a3 ལྟར་འབར་བ། འཇིགས་པའི་ང་རོ་བསྐལ་པའི་དུས་མཐའ་ལྟར་སྒྲོག་པ། ལག་པ་དང་རྐང་པ་ཀླུའི་རྒྱལ་པོ་ནོར་བུ་དང་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུའི་རྒྱལ་པོ་ནག་པོ་དང་ཉེ་གནག་པོས་སེ་རལ་ཁར
365a4 བརྒྱན་པ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཚ་བྱས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་སར་ནག་དཔྲལ་བ་ལ་བསྡུས་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ
365a5 གློག་ལྟར་འགྱུ་བ། གསུས་པ་ཆེ་སྦྲུལ་ཟ་བ། ལག་པའི་ཐལ་མོ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟང་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་འཇིགས་པར་བྱེད་པ། སྨུག
365a6 པར་བྱེད་པ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ་རྐང་པའི་པུས་མོ་ཙམ་དུ་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ། ཀླུ་ཐམས་ཅད་རླག་པར་བྱེད་པ། ཧ་ལའི་གང་རྒྱངས་ཆེན་པོས་དགོད
365a7 བས་ཀུན་ཏུ་འཁྲུག་པར་བྱེད་པ། ཁམས་གསུམ་འཇིགས་ཤིང་སྐྲག་པར་བྱེད་པ། ཀླུ་རྣམས་འཆི་བར་བྱེད་པ་ཞིག་བྱུང་སྟེ། རང་གི་གཟུངས་སྔགས་འདི་ཆེད་དུ་བརྗོད་དོ།། ཏདྱ་ཐཱ། བྷོ་བྷོ་བན་ནཱ་ག་ཨ་དྷི
iiif viewer powered by OpenSeadragon
364b - 365b