| | e-texts navigator
|
362a1 གསང་སྔགས་ཀྱི་རྒྱལ་པོ་བརྗོད་པས་ཆར་འབེབས་པར་བྱེད་དོ། ། གལ་ཏེ་མི་འབེབས་ན་ཀླུ་རྣམས་བསྡིགས་པའི་ཕྱིར།། དཀྱིལ་འཁོར་དེའི་སྟེང་དུ་ཁྲག་སྣ་ཚོགས་དང་།། དུག།
362a2 ཤིང་ལ་སོགས་པས་སྦྱིན་སྲེག་བྱའོ།། དེས་མྱུར་དུ་ཆར་འབེབས་པར་བྱེད་དོ།། གལ་ཏེ་ཆར་ཆེས་པའམ། སེར་བ་གཅད་པར་འདོད་པས་ཉར་ཤིང་དང་དུག་ཀད་པའི་རྩ་བ་ལ་ཡི་གེ་བྲིས་ཏེ། དཀྱིལ
362a3 འཁོར་དཀར་པོའི་དབུས་སུ་བཙུགས་ལ་ཡུངས་ཀར་དང་ཐལ་བ་ལ་མང་དུ་བཟླས་པར་བྱའོ། ། གལ་ཏེ་མི་འདོད་ན་བསྔགས་པ་ཙམ་གྱིས་ཀྱང་ངེས་པར་འབྱུང་ངོ་།། རྟའི་ཁྲག་དང་དུག་སྒྲ་སྣ་ཚོགས
362a4 ཀྱིས་བརྒྱལ་བ་སོས་པར་བྱེད་དོ། ། རླུང་ཞི་བར་འདོད་ན་དབང་ཕྱུག་གི་གོས་ལ་ཙ་ཏ་པ་ལ་རི་རྩ་བས་སྔགས་བྲིས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས། སྔགས་ཀྱི་རྒྱལ་པོ་སྟོང་ལ་སོགས་པ་ཅི
362a5 ནུས་པ་བརྗོད་ནས་ཁང་པའི་སྟེང་དུ་བཞག་ན་རླུང་ཞི་བར་བྱེད་དོ། ། གལ་ཏེ་ཡམས་ཞི་བར་འདོད་པས་གུར་ཀུམ་དང་། གིའུ་ཝང་གིས་རྩེ་མོ་བཅུ་གཉིས་པར་བྲིས་ནས་དང་པོའི་སྔགས་རྣམས་དང་།
362a6 ཐ་མའི་སྔགས་རྣམས་རྩིབས་ལ་བྲིས་ཏེ།། མུ་ཁྱུད་ལ་སྔགས་ལྷག་མ་བྲིས་ཏེ་མེ་ཏོག་དང་འབྲས་བུ་སེར་པོ་ཐམས་ཅད་ཀྱིས་མཆོད་ཅིང་གསོལ་བ་བཏབ་ནས་གཙུག་ལག་གི་རྩེ་མོ་འམ། དགེ་འདུན་གྱི
362a7 འདུ་བའི་སྒོ་གོང་ལ་བཏགས་ན་ཅི་འདོད་པ་འགྲུབ་ཅིང་ནད་ཡམས་ཐམས་ཅད་འཆད་པར་འགྱུར་རོ། ། གལ་ཏེ་བུ་འདོད་པས་སེ་རུ་སྐྱ་དམར་པོའི་གདོང་བུ་ལ་སྟེང་དུ་སྦྱིན་སྲེག་བྱས་ན་བུ་སྟེར་བར་ངེས་སོ།།
iiif viewer powered by OpenSeadragon
361b - 362b