| | e-texts navigator
|
351a1 སྔགས་ལ་གུས་པ་དང་། ། རྒྱུན་དུ་རྣལ་འབྱོར་དང་ལྡན་ཏེ།། རྒྱུད་དོན་དོན་ལ་བརྩོན་ལྡན་ན།། ལས་རྣམས་ཐམས་ཅད་འགྲུབ་པའོ།། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི
351a2 བཀའ་བཞིན་མཛད་དེ། བཅོམ་ལྡན་འདས་ལ་ཞུས་པ། དམ་ཚིག་དག་ལས་འདས་ན་ལས་རྣམས་མི་འགྲུབ། དག་པ་མེད་དོན་མེད་དག་སྟེ་ལས་རྣམས་མི་འགྲུབ། འབྲས་བུ་གང་དུ་སྐྱེ་ཞེས་ཞུས་པས། རྡོ་རྗེ་དམྱལ
351a3 བའི་ནང་དུ་མི་བཟད་པའི་འབྲས་བུར་འགྱུར་རོ། ། བཅོམ་ལྡན་འདས་དེའི་ཚེའི་ཚད་ཇི་ཙམ་དུ་སྡུག་བསྔལ་མྱོང་བར་འགྱུར་ཞེས་ཞུས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ
351a4 ཁྱོད་ལེགས་སོ། ། སྐྲག་པར་མ་བྱེད་ཅིག། འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བཤིག་སྟེ། ཐུགས་དང་འགལ་བས་རྡོ་རྗེ་གདན་ཞིག་ཙམ་ན་ཐར་པར་འགྱུར་རོ།། བཅོམ་ལྡན་འདས
351a5 རྡོ་རྗེའི་གདན་ནམ་འཇིག་པར་འགྱུར་ཞེས་ཞུས་པ་དང་། ནམ་མཁའི་ཁམས་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་པའི་འབྲས་བུ་ཐོབ་སྟེ་རྡོ་རྗེ་གདན་འཇིག་སྟེ་ཐར་པར་འགྱུར་རོ།། བར་མ་དོ་དང་སྐྱེ་གནས
351a6 འཇིག་པ་དག་ཡོད་དོ། ། དེའི་གསང་བའི་སྔགས་ནི་ཟླ་བའི་སྟེང་དུ་ཡི་གེ་ཨ་བཀོད་དེ། ཆོས་ཉིད་དག་པའི་སྔགས་བརྗོད་དོ།། ན་མཿས་མ~ཾ་ཏ་བཛྲཱ་ཎཱཾ། སརྦྦ་དྷརྨཱ་མྲི་ཏ་བཛྲ་སཏྭ་ཧཱུཾ། ཞེས་ཕྱོགས་བཅུར
351a7 ཁ་བལྟས་ཏེ་རྡོ་རྗེ་ཐལ་མོ་སྦྱར་ལ་ཡེ་ཤེས་ཀྱི་འོད་ཀྱིས་གསོལ་བ་བཏབ་ལ་རྡོ་རྗེ་སེམས་དཔའི་སྐུར་བྱའོ། ། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་པ་འབུམ་བརྗོད་དོ།། རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ།།
iiif viewer powered by OpenSeadragon
350b - 351b