| | e-texts navigator
|
347a1 བཟང་པོའི་བཀས་བསྐུལ་ཞིང་སྦྱིན་བདག་མཛད་ནས། བུ་སྟོན་གྱིས་བསྒྱུར་བའི་ཡི་གེ་པ་ནི་དགེ་སློང་རིན་ཆེན་རྒྱལ་མཚན་ནོ།། རྒྱུད་མིན་རྒྱུད་ལྟར་བཅོས་པ་ཡིས།། ཆོས་མིན་སུན་དབྱུང་བྱ་ཕྱིར
347a2 དང་། དམ་ཚིག་སྣང་བ་སྦལ་བའི་ཕྱིར།། ཇི་ལྟར་ནུས་བཞིན་བསྒྱུར་བ་ལགས།། འདི་དོན་འབྱེད་པའི་འགྲེལ་པ་དང་།། རྒྱ་དཔའི་དཔེ་དབང་མ་རྙེད་ཅིང་།། དོན་ཟབ་སྒྲ་ནི་རྟོགས་དཀའ་ལ།། སཾ་སྐྲི་ཏ་ལ་མ་བྱང་བས།། སྒྲ་དོན
347a3 ཇི་བཞིན་མ་འབྱོར་པའི། ། ནོངས་དེ་མཁས་རྣམས་བཟོད་མཛད་ཅིང་།། ཕྱིས་འབྱུང་སྐད་གཉིས་སྨྲ་རྣམས་ཀྱིས།། མ་དག་ཤེས་ན་བཅོས་པར་ཞུ།། རྒྱུད་ཆེན་འདི་ནི་བསྒྱུར་བ་ལས།། དགེ་བ་བདག་གིས་གང་ཐོབ་པ།།
347a4 དེ་ཡིས་མཐའ་ཡས་འགྲོ་བ་ཀུན།། རྡོ་རྗེ་འཆང་ཆེན་ཉིད་གྱུར་ཅིག།། ཤྱེ། རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱ་མ་བ་ར་དྷ་ར་བཛྲ་པཱ་ཎི་རུ་དྲ་ཏྲི་བཱི་ན་ཏནྟྲ་ནཱ་མ། བོད་སྐད་དུ།
347a5 འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་འཇམ་དཔའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བདུད་རྣམ
347a6 པར་འཇོམས་པ་བདུད་ཀྱི་སྡེ་དང་ལྷན་ཅིག་ཏུ་འོག་མིན་གཞན་འཕྲུལ་དབང་བྱེད་ཀྱི་ཕོ་བྲང་ན་ཐབས་ཅིག་ཏུ་བཞུགས་སོ། ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས་གངྒཱའི་ཀླུང་གི
347a7 བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ་འདི་ལག་ན་རྡོ་རྗེས་ཟུང་ཞིག་ཅེས་བཀའ་སྤྲུལ་ཏོ། ། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། གནོད་སྦྱིན་བྱེ་བ་སྟོང་ཕྲག་བྱེ་བ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཆེ་བ
iiif viewer powered by OpenSeadragon
346b - 347b