| | e-texts navigator
|
344a1 དེ་ཉིད་གསུངས་པ་ཡིན། ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་སྐད་ཅེས་གསུངས་སོ།། ཞི་བའི་ལས་ཀྱི་རབ་དབྱེ་བས།། རིགས་ཀྱི་སྔགས་སུ་རབ་ཏུ་གྲགས།། རྒྱས་པ་ཅན་ལ་རིགས
344a2 ཀྱི་སྔགས། ། སྒོམ་པས་ངེས་པར་འགྲུབ་པར་བྱེད།། དབང་དུ་བྱ་བའི་ཆོ་ག་ལ།། རིག་པའི་རྒྱལ་པོས་བསྒོམ་པར་བྱ།། ཐམས་ཅད་ལས་ཅན་སྔགས་ནི།། མངོན་སྤྱོད་རྣམ་པར་སྒོམ་པར་བྱེད།། སྐྲོད་པར
344a3 བྱེད་པའི་ཆོ་ག་ལ། ། གཙུག་ཏོར་དུ་ནི་རྣམ་བསྒོམ་བྱ།། སྔགས་ཤེས་པས་ནི་ཕུར་གདབ་སོགས།། ཕོ་ཉ་ཕོ་ཉ་མོ་བསམ་བྱ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་སྐད་ཅེས་གསུངས་སོ།། འོད་ཟེར་ལྔ་ཡི
344a4 ཚུལ་གྱིས་ནི། ། རྟོག་པས་དེ་ལ་བསྒོམ་པར་བྱ།། གཞན་དུ་དངོས་གྲུབ་མེད་པ་ཉིད།། སྒོམ་པ་རྣམས་སུ་ཤེས་པར་བྱ།། རིགས་ཀྱི་ལས་ཀྱི་རབ་དབྱེ་བས།། དཀྱིལ་འཁོར་རྣམས་ཀྱི་རྣམ་བསྒོམས་པའོ།། སྔགས
344a5 ཀྱི་ཡི་གེའི་རབ་དབྱེ་བས། ། བསྒོམ་བྱ་དངོས་གྲུབ་ཐོབ་པར་འགྱུར།། སྙིང་ཁའི་དབུས་སོན་ཕྲ་མོ་ནི།། དཀྱིལ་འཁོར་རྣམས་ཀྱི་རྣམ་བསྒོམ་པ།། སྟོང་དུ་བཀོད་པའི་དབྱེ་བ་ཡིས།། འདི་ནི་བསམ་གཏན་ཚུལ་མཆོག་གོ།།
344a6 ། དཀར་གནག་དམར་པོའི་སྦྱོར་བ་ལས།། བསམ་གཏན་ཐམས་ཅད་དུ་བརྟག་བྱ།། གཞན་དུ་དངོས་གྲུབ་མེད་པ་ཉིད།། སྔགས་རྣམས་ཀུན་ཏུ་བཟླས་པར་བྱ།། ཧཱུཾ་ཡིག་ཨོཾ་ཡིག་དབྱེ་བ་ཡིས།། སྭཱ་ཧཱ་ཧཱུཾ་ཡིག་གཞན་གྱི
344a7 གཟུགས། ། བསྐྱེད་པའི་ཆོ་ག་བྱས་ནས་ནི།། བསྙེན་པ་གང་ཞིག་ངེས་བསྒྲུབ་བྱ།། རིགས་གསུམ་ལ་ཡང་ཧཱུཾ་ཡིག་དང་།། ཨོཾ་ཡིག་ཡེ་ཤེས་རིགས་མཆོག་ཡིན།། སྔགས་ཀྱི་ཡི་གེ་ལ་སོགས་རྣམས།། དཔྲལ
iiif viewer powered by OpenSeadragon
343b - 344b