| | e-texts navigator
|
337a1 ནམས་འབྱུང་བར་ཤེས་པར་བྱ། ། སློབ་དཔོན་འདི་ཡི་རྒྱུད་ལ་སོགས།། དེ་ལྟ་བུ་སོགས་གསལ་བྱ་མིན།། དེ་ལྟར་བདག་ཉིད་དག་པ་ཐོབ།། ཆོས་ཀྱི་དེ་ཉིད་ཆོ་གས་གནས།། དེ་ཡི།
337a2 སློབ་རབ་གསལ་བར་བྱ།། མྱུར་དུ་འགྲུབ་འགྱུར་གཞན་དུ་མིན།། སངས་རྒྱས་གནས་ལ་གནས་པ་ཡིས།། གང་དེ་མགུ་ནས་རྡོར་སེམས་མཆོག། མྱུར་དུ་འགྲུབ་བྱེད་གཞན་དུ་མིན།། སངས་རྒྱས་སངས་རྒྱས
337a3 ཉིད་འཐོབ་པ། ། དེ་མགུ་བྱེད་པ་མཆོག་འབྱུང་འགྱུར།། དེ་ཡིས་འཇིག་རྟེན་གསུམ་འགྲུབ་སྟེ།། སངས་རྒྱས་ཡེ་ཤེས་ཉིད་ཀྱང་ངོ་།། དེ་བཞིན་གཤེགས་པའི་གསང་བ་རྡོ་རྗེ་སེམས་དཔའ་མཉེས་པར་བྱེད་པའི་ལེའུ
337a4 བཅོ་བརྒྱད་པ་རྫོགས་སོ། ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་སྔགས་ཐམས་ཅད་ཀྱི་ལེའུ་གསུངས་སོ།། སྐྱེད་མོས་ཚལ་དང་རྣམ་པར་དབེན།། ཆུ་ཀླུང་རབ་ཏུ
337a5 འབབ་པ་དང་། ། རི་དང་རྣམ་པར་བཀྲ་བ་རུ།། བསྒྲུབ་པའི་གོ་འཕང་གིས་བསྒྲུབ་བྱ།། ཟླ་བ་གཅིག་གིས་གྲུབ་པར་འགྱུར།། གལ་ཏེ་མིན་ན་དེ་འགྲུབ་མིན།། དབེན་དང་གཞན་པའི་ཡུལ་རྣམས་སུ།། སེམས་ནི་གང་དུ་རབ
337a6 དགྱེས་བྱེད། ། གསང་སྔགས་འབར་བས་བྱིན་བརླབས་པ།། དེ་ལས་སངས་རྒྱས་ཉིད་འགྲུབ་འགྱུར།། རྒྱ་མཚོ་དང་ནི་ཆུ་ཀླུང་ཆེ།། རི་བོ་ཆེན་པོའི་རྩེ་རྣམས་སུ།། ཡན་ལག་ཐ་དད་མིན་སྔགས་བཟླས།། ངེས་པར་ཟླ་བས
337a7 འགྲུབ་པར་བྱེད། ། སྐེ་ཚེ་དུག་དང་ཡང་དག་ལྡན།། རིག་ཏའི་ཤིང་གི་སྦྱིན་སྲེག་གིས།། བསྙེན་པ་སོགས་ནི་དེ་བསྐྱེད་ནས།། གསང་སྔགས་སྒྲུབ་པ་ཀུན་སྤྱད་བྱ།། དེ་ལ་སྡོམ་པ་བཟུང་ནས་ནི།། ངེས་པར་འགྲུབ་བྱེད
iiif viewer powered by OpenSeadragon
336b - 337b