| | e-texts navigator
|
334b1 རིག་མ། ། འཇིགས་པ་ཡང་ནི་འཇིགས་པར་བྱེད།། ལྷ་མིན་ཆེན་པོ་སོགས་སྦྱོར་བས།། གཡུལ་དུ་རྒྱལ་བར་བྱེད་པ་ཡིན།། ཁྲོ་བོ་གཟེགས་མི་མཆོག་རྩོར་སྐྱེས།། སྔགས་པས་འབུམ་ཕྲག་གཅིག་བཟླས་བྱ།།
334b2 ཁྲོ་བོའི་སེམས་ཀྱིས་སྦྱར་བྱས་ནས།། ངེས་པར་སངས་རྒྱས་ཀྱང་འཇིག་བྱེད།། ལག་པར་དེ་ནི་ཡང་དགེ་བསྐྱེད།། མི་སྨ་དེར་སོན་བསམ་པ་ཡི།། ཕ་རོལ་དཔུང་ནི་རིངས་པར་བྱེད།། བརྒྱ་བྱིན་གྱི་ཡང་ཐེ་ཚོམ་མེད།
334b3 གཟི་བརྗིད་ཕུང་པོ་བཟླས་ནས་ནི།། འབུམ་ཕྲག་གསུམ་དུ་ལེགས་བསྐོར་ནས།། བརྒྱ་བྱིན་སྡེ་ཡང་རེངས་པར་བྱེད།། འགའ་ཞིག་མིན་པར་འཇོམས་པར་བསྟན།། སྒྲོལ་མ་སྒྲོལ་ལེན་ཡང་དག་འབྱུང་།། འབར
334b4 བའི་ཡེ་ཤེས་དགེ་འབྱུང་བ། ། འོག་གི་སྦྱོར་བ་བསྒོམས་པ་ཡིས།། རྡོ་རྗེའི་སྟེ་ཡང་རངས་པར་བྱེད།། དེ་ཡི་སྙིང་པོའི་མཆོག་སྐྱེས་གང་།། རིགས་དང་རིགས་དབང་རིགས་པར་བྱེད།། དེ་དང་ཡང་ནི་འདི་ཉིད་དུ།
334b5 སྦྱོར་བར་བསམས་ནས་བསམ་གཏན་གྱི།། ཏིང་འཛིན་བསྒོམས་པས་སེར་པོ་འམ།། གཞན་དུ་དམར་པོ་ངེས་སྦྱར་བྱ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་གསུངས་སོ།། སྔགས་ཐམས་ཅད་ཀྱི
334b6 རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ལེའུ་བཅོ་ལྔ་པ་རྫོགས་སོ། ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སྔགས་ཐམས་ཅད་ཀུན་ལས་བཏུས་པའི་ལེའུ་གསུངས་སོ།། ཞི་བརྒྱས་པ
334b7 སོགས་ལས་ལ། ། རང་གཟུགས་རྣམ་པ་བསྒོམས་པ་ཡིས།། ཐུགས་ཀར་ཡེ་ཤེས་ཡང་དག་འབྱུང་།། ཅོད་པན་ཡེ་ཤེས་ཆོས་དབང་ཕྱུག། སངས་རྒྱས་གཟུགས་སུ་རྣམ་བསྒོམས་ནས།། རིན་ཆེན་སྣ
iiif viewer powered by OpenSeadragon
334a - 335a