| | e-texts navigator
|
333b1 མུ་ཀུ་ཊ་དྷཱ་རི་ཎི་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་སངས་རྒྱས་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པའི་རྒྱལ་པོ་འདི་གསུངས་སོ།། ཨོཾ་དྷུཿ། དེ་ནས་བཅོམ་ལྡན་འདས་ཀྱིས
333b2 རིག་པ་རྒྱལ་པོ་ལ་བཀའ་སྩལ་པ། ཨི་སུམྦྷ་ནི་སུནྡྷུ་ནཱཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ་སྭཱཧཱ། དེ་ནས་བཅོམ་ལྡན་འདས་ཆོས་རྣམ་པར་རོལ་པ་ཞེས་བྱ་བ
333b3 ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྔགས་འདི་གསུངས་སོ།། ཨོཾ་ཨོཾ་མྲི་ཏོདྷ་བོདྦྷ་བཱ་ཡ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཉོན་མོངས་པ་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས
333b4 ནས། ཉོན་མོངས་པ་ཟ་བའི་སྔགས་གསུངས་སོ།། ཨོཾ་ཀླེ་ཤཱ་ཥ་ནི་བི་ཛ་ཡེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཀྱི་འཁོར་ལོན
333b5 གཙུག་ཏོར་འདི་གསུངས་སོ། ། ཨོཾ་ཙྪིནྡ་ཙྪིནྡ། ཧ་ན་ཧ་ན། ད་ཧ་ད་ཧ། དཱིཔྟ་ཙེཀྲ་ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟི་བརྗིད་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས
333b6 པར་ཞུགས་ནས། གཟི་བརྗིད་ཀྱི་ཕུང་པོ་འདི་གསུངས་སོ།། ཨོཾ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་སླར་ཡང་རྣམ་པར
333b7 རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྒྱལ་བའི་གཙུག་ཏོར་འདི་གསུངས་སོ།། ཨོཾ་ཛ~ཾ་ལིཥྚྲྀ་ཥཛྭ་ལེ་ཛྭ་ལ་བནྡྷ་བྷནྟ་ད་མ་ད་མ། ཧཱུཾ་ཧཱུཾ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། དེ་ནས་བཅོམ
iiif viewer powered by OpenSeadragon
333a - 334a