| | e-texts navigator
|
302b1 འོད་ཟེར་ཚུལ་དུ་རྣམ་བསྒོམ་བྱ། ། བཅོམ་ལྡན་འདས་རྡོ་རྗེའི་རང་བཞིན་གྱིས་དེ་སྐད་ཅེས་གསུངས་སོ།། རང་གཟུགས་འཁོར་ལོའི་ཚུལ་གྱིས་ནི།། འབར་བའི་འཕྲེང་བས་རྣམ་པར་བརྒྱན།། རང་གཟུགས་སངས
302b2 རྒྱས་དང་མཚུངས་པ། ། ཆོ་ག་ཤེས་པས་དབྱུང་བར་བྱ།། རང་གཟུགས་འཁོར་ལོའི་ཚུལ་གྱིས་ནི།། རལ་གྲིའི་འོད་ཟེར་གྱིས་བརྒྱན་པ།། འབར་བའི་འཕྲེང་བ་འཁྲུགས་གསལ་བ།། ཀུན་ནས་རྣམ་པར་འཕྲོ་བའོ།།
302b3 པདྨ་རང་སྙིང་དབུས་གནས་པར།། བྲམ་ཟེ་ཚངས་པར་རྣམ་པར་བརྒྱན།། བྱང་ཆུབ་སེམས་སུ་ཡང་དག་བསྐྱེད།། དེ་ལ་སྔགས་ཀྱི་ཡི་གེ་དགོད།། སྙིང་པོར་ཨུཏྤ་ལར་བསམས་ནས།། སྣ་ཚོགས་འོད་ཟེར་རྣམ་པར་བརྒྱན།།
302b4 ཆོ་ག་ཤེས་པས་བྱང་ཆུབ་སེམས།། བསམས་ནས་སྔགས་གསུམ་རྣམ་བསྒོམ་བྱ།། སྙིང་ཁའི་དབུས་སོན་ཕྲ་མོ་ནི།། ཨིནྡྲ་ནཱི་ལ་མཚུངས་པའི་འོད།། ཡེ་ཤེས་སྦྱོར་བ་ཀུན་བསྐྱེད་ནས།། སངས་རྒྱས
302b5 གཟུགས་སུ་བསྒོམ་པར་བྱ། ། རང་གཟུགས་ཕྲ་མོའི་དབུས་གནས་པར། སྣ་ཚོགས་འབར་བ་མཉམ་པའི་འོད།། སྙིང་པོར་ཡི་གེ་བསམས་ནས་ནི།། རང་གཟུགས་དེ་ལ་བསྒོམ་པར་བྱ།། བཅོམ་ལྡན
302b6 འདས་རྡོ་རྗེ་ཡེ་ཤེས་ཀྱིས་དེ་སྐད་ཅེས་གསུངས་སོ། ། ཁྲུ་གང་ཙམ་ལས་འདས་པ་ཡི།། ཕྲ་མོའི་དཀྱིལ་འཁོར་སྒོམ་པ་ནི།། རང་གཟུགས་ཡི་གེར་ཡང་བྱས་ནས།། རྡོ་རྗེ་འབར་བར་རྣམ་བསྒོམ་བྱ།། ཁྲུ
302b7 གང་ཙམ་ལས་འདས་པ་རུ། ། ཡེ་ཤེས་དཀྱིལ་འཁོར་བསྒོམ་པ་ནི།། དབུས་སུ་གཟུགས་ནི་ཡང་དག་བསྐྱེད།། བསམས་ནས་བཟླས་པ་བརྩམ་པར་བྱ།། ཁྲུ་གང་ཙམ་ལས་འདས་པར་ནི།། ཉི་མའི་དཀྱིལ
iiif viewer powered by OpenSeadragon
302a - 303a