| | e-texts navigator
|
297b1 ཉི་མ་ལྔ་ནི་དགོད་བྱ་བ།། རྡོ་རྗེ་ཐུགས་སུ་ཆོ་ག་ལས།། ཉི་མ་ལྔ་ནཱི་དགོད་བྱ་བ།། སྔགས་པས་ཟླ་བའི་དཀྱིལ་འཁོར་ཅན།། དཔྲལ་བ་ན་ནི་རྣམ་པར་སྒོམ།། འོད་ཟེར་འབྲར་བ་མཉམ་པའི་འོད།། སངས
297b2 རྒྱས་གཟུགས་སུ་རྣམ་པར་སྒོམ། ། འཇིག་རྟེན་ཁམས་རྣམས་རིམ་པར་འདས།། སླར་ཡང་དེ་ལ་རབ་གཞུག་བྱ།། ཁྲུ་ཡི་ཚད་ལས་འདས་པ་ཡི།། ཟླ་བའི་དཀྱིལ་འཁོར་སྒོམ་པ་ནི།། རྡོ་རྗེ་སེམ
297b3 དཔའ་ཡང་དག་བསྐྱེད། ། རང་གི་གཟུགས་ཉིད་བསྒོམ་པར་བྱ།། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དེ་སྐད་ཅེས་གསུངས་སོ།། ཡེ་ཤེས་ཀྱི་རིགས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན
297b4 ཏོཉི་མའི་དཀྱིལ་འཁོར་དབུས་གནས་པར། ། རང་གི་གཟུགས་ནི་བསྒོམ་བྱ་དགེ། ཟུར་དུ་རྣམ་སྣང་གཞག་བྱ་སྟེ།། རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས
297b5 དཔས་གསུངས་སོ། ། ཆོ་ག་ཤེས་པས་གཟུགས་བཅུ་དྲུག། ཁ་དོག་བཞིར་ནི་རྣམ་བསམ་བྱ།། སྙིང་ཁ་རྣམས་དང་ཐམས་ཅད་དུ།། ལྷ་རྣམས་དེ་ལ་བསྒོམ་པར་བྱ།། ཞེས་བཅོམ་ལྡན
297b6 འདས་རྡོ་རྗེ་འཆང་གིས་གསུངས་སོ། ། རང་གི་གཟུགས་ལ་བགེགས་འཇོམས་པར།། སེམས་ལ་བརྟན་པར་བསྒོམ་པར་བྱ།། ཧཱུཾ་ཡིག་དབུགས་ནས་ཕྱུང་ནས་ནི།། འོད་ཟེར་རྣམ་པར་རབ
297b7 ཏུ་གཞུག། ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ།། རང་གཟུགས་ལ་སོགས་མཚུངས་པའི་འོད།། ལྷ་རུ་སྐད་ཅིག་དེ་འགྱུར་རོ།། ཡི་གེ་རྣམས་ཀྱི་ཚད
iiif viewer powered by OpenSeadragon
297a - 298a