| | e-texts navigator
|
295b1 བྱས་ནས་རྡོར་སེམས་ཆོ་ག་རྣམས།། ཇི་སྲིད་ནམ་མཁའ་འགོངས་གྱུར་པ།། ཆོ་ག་ཤེས་པས་སྤྲོ་བར་བྱ།། སངས་རྒྱས་གཟུགས་དང་རང་གཟུགས་ཤིང་།། བྲུས་ནས་ཀུན་སྦྱོར་མ་ཚན་ཉིད་ཀྱི།
295b2 རྣལ་འབྱོར་བསམ་གཏན་དུས་སུ་ནི།། རྫོགས་བྱ་དེ་ལ་རབ་ཏུ་གཞུག། རང་གི་གཟུགས་དང་སངས་རྒྱས་གཟུགས།། ཇི་ལྟར་གནས་ལྟར་བློ་དང་ལྡན།། ཇི་ལྟར་རིགས་པར་སྦྱོར་བ་ནི།།
295b3 རྡོ་རྗེ་སེམས་དཔར་བསྒོམ་པར་བྱ།། དེ་བཞིན་གཤེགས་པ་ཀུན་གྱི་རྗེ།། བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ།། འབར་བའི་འཕྲེང་བ་འཁྲུགས་པའི་འོད།། རང་ལུས་བསྒོམ་བྱ་རྣལ་འབྱོར
295b4 པ་དེ་ཉིད་རྡོ་རྗེའི་ཚུལ་གྱིས་ནི། ། རྡོ་རྗེ་དབྱེར་མེད་དེ་སྒོམ་མོ།། འོད་ལྔ་ཤིན་ཏུ་ཕྱུང་ནས་ནི།། བྱང་ཆུབ་སེམས་ནི་རྣམ་པར་སྒོམ།། སྙིང་ཁར། སངས་རྒྱས་ཀུན་ནི་མཆོད་པར་བྱ།། དེ་བཞིན
295b5 གཤེགས་པ་ཀུན་གྱི་རྗེ། ། བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ།། འབར་བའི་འཕྲེང་བ་འཁྲུགས་པའི་འོད།། དཀྱིལ་འཁོར་ལྔ་ནི་བསམ་པར་བྱ།། སངས་རྒྱས་གཟུགས་ནི་འདུས་པས
295b6 ནིབཀང་སྟེ་སྔགས་ནི་བསྒོམས་པ་ལས། ། སངས་རྒྱས་གཟུགས་བརྙན་ལྟར་བྱས་ནས།། སྒོམ་པའི་བདག་ཉིད་ཅན་བསྒོམ་བྱ།། རང་གི་གཟུགས་ནི་དེར་བསམ་བྱ།། རྟོག་པ་བསྐྱེད་པའི་ཆོ་ག
295b7 ལས། ། ཐུགས་ལ་བྱང་ཆུབ་སེམས་ཀྱང་ནི།། བསྒོམ་བྱ་དེ་ལ་རྣལ་འབྱོར་སྐྱེས།། རྡོ་རྗེ་སེམས་དཔས་རྣམ་པར་བརྒྱན།། ཆོ་ག་ཤེས་པས་དབྱུང་བར་བྱ།། དེར་ཡང་རྡོ་རྗེ་སེམས་དཔའ་ལ།
iiif viewer powered by OpenSeadragon
295a - 296a