e-texts navigator
Collection
Volume
Page
Wylie

276a1 ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུང་ངོ་།། དངོས་པོ་འདི་དག་མ་སྐྱེས་ཏེ།། ཆོས་ཅན་མེད་ཅིང་ཆོས་ཉིད་མེད།། ནམ་མཁའ་བཞིན་དུ་དམིགས་མེད་པའི།། བྱང་ཆུབ
276a2 སེམས་ནི་བསྟན་པ་ཡིན། ། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་འཁྲུགས་པས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས
276a3 བཞིན་གཤེགས་པ་ཐམས་ཅད་དམིགས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུང་ངོ་།། དངོས་པོ་འདི་དག་དངོས་མེད་དེ།། ཆོས་ཀྱི་མཚན
276a4 ཉིད་སྤངས་པ་ཡིན། ། བདག་མེད་ཆོས་ལས་ལེགས་བྱུང་བའི།། བྱང་ཆུབ་སེམས་ནི་བརྟན་པ་ཡིན།། ཞེས་བཅོམ་ལྡན་འདས་རིན་ཆེན་ཏོག་གིས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན
276a5 གཤེགས་པ་འོད་དཔག་མེད་ཀྱིས་རྡོ་རྗེ་མེ་ལྕེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དངོས་པོ་སྐྱེ་བ་མེད་པ་སྟེ།། དངོས་པོ་ངོ་བོ་ཡོད་མིན
276a6 པས་སནམ་མཁའི་གོ་འཕང་ཐོབ་པོ་ཞེས། ། དངོས་རྣམས་རབ་ཏུ་བརྗོད་པ་ཡིན།། ཞེས་བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན
276a7 ཡོད་གྲུབ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མའི་ཡང་བླ་མའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་རྣམས་རང་བཞིན




iiif viewer powered by OpenSeadragon

275b - 276b

Texts on this page

S413 - dpal rdo rje snying po rgyan gyi rgyud ces bya ba