e-texts navigator
Collection
Volume
Page
Wylie

252a1 སྒྲ་རུས་ཕྱི་ས་མཆིལ་མ་སྙིང་།། སོ་ནི་རྣམ་སྣང་བདག་ཉིད་དོ།། སྤུ་དང་གནས་དང་ཉེ་བའི་སྙིང་།། སེན་མོ་ཆུ་ཡི་ཁམས་སུ་ཤེས།། རིན་ཆེན་འབྱུང་ལྡན་བདག་ཉིད་ཀྱི།། རིགས་ཀྱི་རྟེན་དུ་ཤེས
252a2 པར་བྱ། ། སོ་དང་པགས་པ་ཤ་དང་སྙིང་།། མེ་ཡི་ཁམས་ཤེས་བྱ་བར་བརྗོད།། འོད་དཔག་མེད་ཀྱི་རང་བཞིན་དང་།། རིགས་ཀྱི་དབྱེ་བར་ཤེས་པར་བྱ།། རྒྱུས་པ་ཤ་དང་རྩིབས་ལོགས་སྙིང་།། རླུང་ནི་དོན་ཡོད་གྲུབ
252a3 པའོ། ། དྲི་མ་རྒྱུས་པ་མཁྲིས་པ་སྙིང་།། དེ་ནི་ནམ་མཁའི་ཁམས་སུ་གྲགས།། མི་བསྐྱོད་པ་ཡི་རང་བཞིན་དང་།། སྙིང་ནི་རྣམ་ཤེས་ལྔ་ཞེས་བྱ།། རེ་རེ་ལ་ཡང་སོ་སོར་ནི།། རྣམ་པ་ལྔ་ནི་སྤྲོ་བ་ཤེས།། དེ་བཞིན་གཤེགས
252a4 པའི་ཕུང་པོ་ལྔ། ། ནང་གི་བདག་ཉིས་རྫས་ཕྱེ་བ།། ཤ་རྩ་རྒྱུས་པ་ཤ་ཁམ་ཚད།། ཀླད་པ་དང་ནི་ཀླད་རྒྱས་དང་།། རུས་པ་རྐང་དང་གཉེ་མ་དང་།། མཁལ་མ་སྙིང་དང་ལྟོ་བ་དང་།། གློ་བ་མཆེར་པ་གཅིན་དང་ནི།། བཤང
252a5 པ་ཕོ་བ་ལོང་ཀ་དང་། ། ཞག་དང་ཆུ་སེར་རྣག་དང་ནི།། ཁྲག་དང་མཁྲིས་པ་བད་ཀན་དང་།། ངར་སྣབས་སྐྲ་དང་ཁ་སྤུ་དང་།། སེན་མོ་སྨ་དང་པགས་པ་དང་།། ལག་པ་རྐང་མིག་ཡན་ལག་སོགས།། འཚོགས་མ་དཔུང་པ
252a6 ཞེས་ནི་བརྗོད། ། དེ་དག་རིམ་པར་ཤེས་པར་བྱ།། གཞལ་ཡས་ཁང་ནི་རྣམ་དག་པས།། དེ་ལ་གནས་ཀྱི་དབྱེ་བ་ནི།། མདོར་བསྡུས་ནས་ནི་བཤད་པར་བྱ།། པུ་ལཱི་ར་ནི་མགོ་བོར་ཤེས།། སྤྱི་གཙུག་ཛ་ལན་དྷ་ར་དང་།། རྣ་བ
252a7 གཡས་པ་ཨཽ་རྱན་དང་། ། སྤྱི་བོའི་རྒྱབ་ནི་ཨརྦུད།། གོ་དཱ་བ་རི་རྣ་བ་གཡོན།། རཱ་མེ་ཤྭ་རི་སྨིན་མའི་དབུས།། མིག་གཉིས་དེ་བི་ཀོ་ཊ་དང་།། མཱ་ལ་ཝ་ནི་དཔུང་པའི་རྩ།། ཀཱ་མ་རུ་པ་མཆན་ཁུང་གཉིས།། ཨོ་ཏྲེ་ནུ་མ་གཉིས




iiif viewer powered by OpenSeadragon

251b - 252b

Texts on this page

S410 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba