| | e-texts navigator
|
248a1 མཚན་ཕྱེད་ལའོ། ། དེ་ལྟར་རིགས་པར་ཡང་དག་བཤད།། སྔགས་ཀྱི་རྒྱུད་གསུངས་མཚན་ཉིད་ཀྱིས།། ཞི་བ་ལ་སོགས་དངོས་གྲུབ་བརྒྱད།། བློ་ལྡན་ཆོ་ག་བཞིན་དུ་སྒྲུབ
248a2 རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་འཕྲེང་བའི་མངོན་པར་རྟོགས་པ་ལས། སློབ་མའི་སྤྱོད་པ་རྣམ་པར་དག་པ་དང་ཞི་བ་ལ་སོགས་པའི་ལས་ཀྱི་འབྲས་བུ་བསྟན་པའི་ལེའུ་སྟེ་དྲུག་ཅུས་དྲུག་པའོ།།
248a3 ། དེ་ནས་གཞན་ཡང་བཤད་ཀྱིས་ཉོན།། ཁྲོ་བོ་བཟླས་པའི་མཚན་ཉིད་ནི།། གང་གིས་རྣལ་འབྱོར་དངོས་གྲུབ་བཤད།། ཐོབ་འགྱུར་འདི་ལ་ཐེ་ཙོམ་མེད།། ཁྲོ་བོའི་སེམས་ཀྱི་བཟླས་པ་ནི།།
248a4 ཁྲོ་བོའི་བཟླས་པ་ཞེས་ནི་བརྗོད།། ཡང་ན་ཁྲོ་བོའི་རྒྱལ་པོ་རྣམས།། སྔགས་བཟླས་པ་ཡི་སྦྱོར་བ་ཡིས།། ཁྲོ་བོའི་བཟླས་པ་དེ་ཤེས་བྱ།། དངོས་གྲུབ་བརྒྱད་ཀྱི་འབྲས་བུ་སྩོལ།། འཇིགས་སུ་རུང་བའི་དུར
248a5 ཁྲོད་དུ། ། འཇིགས་པ་འཇིགས་པར་བྱེད་པའི་གནས།། སྐྱེས་བུ་ཐོད་པ་ཁྲག་གིས་གོས།། རྨ་མེད་པ་ཡི་མཚན་ཉིད་བླངས།། སྐྱེས་བུའི་ཁུ་བ་ཟླ་མཚན་དང་།། བསྲེས་ནས་བྲི་བར་བྱ་བ་ནི།། དེ་ན་བསྒྲུབ
248a6 བྱའི་རྣམ་པ་དང་། ། གསལ་དང་འཇིགས་པ་སྐྲག་པ་དང་།། གཡོན་བརྐྱང་བ་ཡིས་མནན་ནས་ནི།། ཞག་བདུན་བར་དུ་དུས་གསུམ་དུ།། གཤིན་རྗེ་གཤེད་ཀྱི་སྔགས་འདིས་ནི།། དངོས་གྲུབ་རྒྱུར་ནི་བཟླས
248a7 པབར་བྱ། ། ན་མཿས་མནྟ་ཀཱ་ཡ་བཱཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དུཥྚ་སཏྭ་ད་མ་ཀ། ཨ་སཾ་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟ། ཁ་ཌ་ག་བཱ་མ་ཏ་ར་ཙ་ནི་ཧཥྚ། ཙ་ཏུར་མུ་ཁ་། ཙ་ཏུར་བྷུ་ཛ
iiif viewer powered by OpenSeadragon
247b - 248b