e-texts navigator
Collection
Volume
Page
Wylie

244a1 ནི་སོ་རུ་བརྗོད། ། བལ་ལ་པོ་ནི་མཆུ་རུ་ཤེས།། བ་ཤ་མགྲིན་པ་རུ་ནི་གྲགས།། ཧཱུཾ་སོ་ཕྲག་པ་རུ་ནི་བཤད།། ཨ་གུ་རོ་ནི་དཔུང་བར་བརྗོད།། སོ་སོ་རུ་ནི་ལག་པར་བཤད།། ཤྲི་བང་ལེ་ནི་ནུ་མར
244a2 བརྗོད། ། ཛ་ཏ~ཾ་བ་ལཾ་རྐང་པར་བརྗོད།། ད་ལ་ནཾ་ནི་ལྟེ་བར་བརྗོད། པདྨ་ཛ་ལ་མགས་པའི་གནས། ཀ་ཏཾ་བ་ཀཾ་བརླ་གཉིས་སོ།། བེ་སཾ་ཛྲ་དར་དུ་ནི་བཤད།། ཚཱ་ག་ན་ནི་རྐང་པར་བརྗོད།། བ་ར་ཨ་ཀ་ཀེ་ས་ར།། སེན་མོ་ཞེས་ནི་ཡང་དག་བཤད།
244a3 པདྨ་གར་ནི་ག་ནི་སྣང་།། ཤ་ཀྲ་ཀུ་སུ་ལཾ་མལ་སྟན།། ཤག་ཏུ་བུ་ཞེས་བྱ་བར་བརྗོད།། ན་ལ་ནི་ནཱ་ལམ་སྟོན་མེད།། གོ་བག་ཥྱ་ལམ་ཐམས་ཅད་བརྗོད།། ས་ག་རཾ་ནི་རྒས་པར་བཤད།། ཨ་ལཾ་རོ་ནི་ཞིམ་པོར་བརྗོད།།
244a4 ཨ་ཀྵ་རཾ་རིམ་མི་ཞིམ་བཤད།། མཱི་གཾ་མི་སྨྲ་བར་ནི་བཤད།། པ་གོ་ལ་མུ་དཾ་གླུ་ལེན།། མི་ཏྲ་གར་ཞེས་བྱ་བར་བརྗོད།། ཤཔྟ་ཚུལ་འཆོས་སུ་ནི་བཤད།། སྤར་ཤ་ཞགས་པར་རབ་ཏུ་གྲགས།། རངས་སྒེག་མོ་ཡི་རོ
244a5 འབེབས་མ། ། རུ་པཾ་རི་ཡི་རྩེ་མོའོ།། ཏཱ་ནེ་ཧ་ནི་བསད་པར་བཤད།། པཱ་རཱ་པ་ཏ་འཆི་བར་བརྗོད།། ཏ་མ་ལཱ་ཀོ་ས་མ་ཡུལ།། ཕ་ལཾ་གྲོང་ཁྱེར་དུ་ནི་བརྗོད།། པྲ་ན་གྲོང་དུ་བཤད་པ་ཡིན།། བྷྱ་ནྱ་སྲོག་ཅེས
244a6 བྱ་བར་བཤད། ཀུ་རུ་ཏ་ར་མཁས་པར་བཤད།། ན་ཡ་ན་ནི་རྣམ་ཤེས་བརྗོད།། ཨ་བྷི་ན་བཾ་དགོད་པར་བཤད།། རུ་དྷི་ར་ནི་འཆང་བར་བརྗོད།། ཀུ་མུ་ར་ནི་ཉིན་མོར་བཤད།། ཀན་ཉ་མཚན་མོར་རབ་ཏུ
244a7 གྲགས། ། ད་ས་ཉི་མ་ཕྱེད་དུ་བཤད།། ད་པི་མཚན་གྱི་ཆ་རུ་གྲགས།། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་འཕྲེང་བའི་མངོན་པར་རྟོགས་པ་ལས། གསང་བའི་ཚིག་བཤད་པའི་ལེའུ་སྟེ་དྲུག་ཅུ་རྩ




iiif viewer powered by OpenSeadragon

243b - 244b

Texts on this page

S410 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba