e-texts navigator
Collection
Volume
Page
Wylie

243b1 ཤང་རིམ་ག་ཀཾ་སྐལ་ཡོད་ཤེས།། ཙི་ཏྲ་ཀ་ནི་སྐལ་མེད་ཤེས།། རུ་ཤ་རཾ་ནི་ཞུ་བར་ཤེས།། མེ་ག་མ་དམ་གླ་རྩིར་བརྗོད།། ཙན་དྲ་མ་ནི་ཁྲག་ཏུ་བཤད།། ག་ནཾ་བཤད་པར་ཡོངས་སུ་གྲགས།། གྷ་ནཾ་ཤ་ཆེན་དུ་ནི་བཤད།།
243b2 ནི་ཛཾ་ད་དུ་ར་རུ་བརྗོད།། བྷ་ཧ་ནཾ་ནི་ཆུ་རུ་བཤད།། བ་ཀྵཾ་ཡན་ལག་རབ་ཏུ་བཤད།། ཤུ་པཾ་བཟང་པོ་ཞེས་ནི་བརྗོད།། ཧོ་ནི་ཚིམ་པ་ཞེས་ནི་གྲགས།། མརྒ་ལྟོགས་པ་རུ་ནི་བརྗོད།། གྷི་ཏཾ་ལཾ་དུ་བཤད་པ་དང་།། བྱོ་མ་གཾ་ནཾ་པ
243b3 རེལ་དཔུང་། ། ཀ་མ་ཡ་ནི་གྱིས་ཤིག་བརྗོད།། ན་ག་རཾ་ནི་བདག་ལུས་བརྗོད།། བ་ཏ་ཀ་ནི་ཉོས་ཤེས་བརྗོད།། ཨ་ཛཾ་ཡ་ནི་མེ་ཞེས་བརྗོད།། ཤ་ཁ་ཟ་བ་ཞེས་ནི་བརྗོད།། རགམ་འདོར་ནི་ཆོ་ག་བརྗོད།། ཤ་ཏ་ཀ
243b4 ། ནི་བཟའ་བར་བརྗོད།། ཅི་འདྲ་བ་ནི་སྔགས་ཞེས་བརྗོད།། ཤ་རཾ་ཁྱི་འཚེད་ཤ་ཞེས་བརྗོད།། རཾ་བ་ཀ་ནི་ཐ་མར་བཤད།། ཀ་ཡ་འདིར་ནི་རྒྱལ་རིགས་བརྗོད།། ར་གཾ་རྗེ་རིགས་ཞེས་ནི་བཤད།། བེ་རཾ་རྒྱ་ནི་དམངས་རིགས་བརྗོད།།
243b5 ཙབཾ་རིགས་ངན་ཞེས་ནི་བརྗོད། ཤ་རཾ་སྨེ་ཤ་ཅན་དུ་བརྗོད།། བྷ་ག་ཙ་གྲྀ་ཀོ་ལྤགས་མཁན།། ཁད་ཀོ་མ་རོ་སྲེག་མ་རུ་བཤད།། ས་མན་ཏྲ་ནི་རྒྱལ་པོར་བརྗོད།། མི་རཾ་མ་ཡི་རིང་དུ་བརྗོད།། བྷ་ར་ཧ་གང་ཞེས་ནི་བཤད།། བིམྦུ་ཕག
243b6 ཅེས་བརྗོད་པར་བྱ། ། པ་ལཾ་ཤ་ནི་ཉ་ཤེས་བརྗོད།། དི་ན་མར་སྐྱེས་བུ་ནི་བཤད།། ནམ་ཏཱཾ་སྦྱིན་སྲེག་ཏུ་ནི་བཤད།། མརྟ་ཨ་ཧཱ་འདབ་ཆགས་བརྗོད།། ཧི་ར་ཕྱུ་ནི་མེ་ཏོག་བརྗོད།། ཤ་དྲུལ་ལམ་ནི་སྤོས་སུ་བཤད།། མཱ་ལ
243b7 ཏྲི་རྡི་དྲི་རུ་བཤད། ། ཤ་ཀུ་ནི་ཀ་མར་མེར་བཤད།། ཀ་ཤི་ཀཾ་ནི་གོས་སུ་བཤད།། ཀེ་སི་ར~ཾ་ནི་གདོང་དུ་བརྗོད།། བཾ་ཏྲེ+ེ་དཔྲལ་བ་ཤེས་སུ་བཤད།། མ་ལ་སྨིན་མར་ཡང་དག་གྲགས།། ཀོ་བ་ལ་ལཾ་ནི་མིག་ཏུ་ཤེས།། ཨངར




iiif viewer powered by OpenSeadragon

243a - 244a

Texts on this page

S410 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba