| | e-texts navigator
|
242b1 ནི་ལྟུང་བར་འགྱུར། ། ཤིན་ཏུ་དགའ་བ་ཡང་དག་སྐྱེས།། བཀའ་བསྒོ་གར་གྱི་སྤྱོད་པ་བྱ།། རྡོ་རྗེ་བཅིང་བས་དེ་ཡང་བྱ།། ལྷ་རྣམས་ཇི་ལྟར་མཉེས་པ་ཉིད།། མ་འམ་སྲིང་མོ་བུ་མོ་འམ།། གལ་ཏེ་མཆོད་པར་འདོད་པ་ན།།
242b2 ཤེས་རབ་ཐབས་ཀྱི་ཆོ་ག་ཡིས།། རྟོག་པ་མེད་པར་བསྟན་པར་བྱ།། རབ་མཆོག་དེ་ཡིས་དངོས་གྲུབ་ནི།། ཐོབ་པར་འདི་ལ་ཐེ་ཙོམ་མེད།། ལྷག་མ་གཏོར་མ་བླངས་ནས་ནི།། དགོན་པ་ཆེན་པོར་སོང་ནས་དོར།། ཀྵཱི་ཨུ་ཙྪིཥྛཱ
242b3 ཏྲཏྲ་པཱ་ལཱ་ཡ་སྭཱ་ཧཱ་སྔགས་བརྗོད་བྱ། ། གལ་ཏེ་དེ་ལ་རབ་བྱེད་པའི།། རྣལ་འབྱོར་མ་ནི་སླར་ཡང་མཐོང་།། དེ་ལྟར་དེ་ནི་ཡོངས་ཤེས་ནས།། རྣལ་འབྱོར་པ་ཡི་མཚན་ཉིད་མཆོག། གང་གིས་གདོང་ནི་འབར་བའི
242b4 འོད། ། ཟླུམ་ཞིང་འཇམ་ལ་མཛེས་པ་དང་།། སྨིན་མ་རིང་བ་དེ་ཤེས་བྱ།། འོད་དཔག་མེད་ཀྱི་རིགས་ལས་བྱུང་།། དེ་ལ་པདྨའི་ཕྱག་རྒྱ་བསྟན།། རུས་སྦལ་ཕྱག་རྒྱ་ལན་ཡིན་ནོ།། མ་ཆུ་སྒོ་མིག་དཀྱུས་རིང་བ
242b5 དང་། ། ཁ་དོག་སེར་པོ་ཡིད་འཕྲོག་པ།། འདི་ཡི་དཔྲལ་བར་ཡི་གེ་གསུམ།། ཇི་སྲིད་སྒྲ་མཚམས་བར་དུ་གནས།། གཡུལ་དུ་འཆི་བ་རྣམས་ཀྱིས་ནི།། འཛུམ་དག་ལ་ནི་རྟག་ཏུ་ཉན།། འདི་འདྲའི་མཁའ་འགྲོ
242b6 མཐོང་ན་ནི། ། མདུང་གི་ཕྱག་རྒྱ་བསྟན་པར་བྱ།། རྐང་པ་གཡོན་པ་བསྐུམ་པ་དང་།། དེ་ཡི་བར་བྱེད་རབ་ཏུ་སྟོན།། གཡོན་པས་ཡོངས་སུ་བསྐོར་ནས་ནི།། ཕྱག་རྒྱ་ལན་གྱིས་བསྟན་པར་བྱ།། སྣ་ཚོགས་པ་ཡི་གོས་ལ
242b7 དགའ། ། རིན་ཆེན་འབྱུང་ལྡན་རིགས་ལས་བྱུང་།། ཁ་དོག་གནག་ཅིང་གོས་ཀྱང་གནག། སྭ་ནི་འཁྱིམ་ཅིང་དར་གྱིས་བཅིངས།། དཔྲལ་བར་གཞུ་ཡི་རྣམ་པ་ཡིས།། དེ་འདྲའི་མཚན་མ་མཐོང་ནས་ནི།། རྟག་ཏུ་དེ་ནི་སེམས་གསོལ།
iiif viewer powered by OpenSeadragon
242a - 243a