| | e-texts navigator
|
441a1 ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས། དབུགས་འགྲོ་འོང་དང་སྐད་ཅིག་མ་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་རྣམས་ནི་སུམ་ཅུ་སོ་གཉིས་སོ།།
441a2 དབུགས་འགྲོ་འོང་ནི་ཡོངས་སུ་བཅིང་བ་དང་། ལུས་ལས་སྐྱེས་པའི་དབུགས་ཕྱིར་འཐོན་པ་ནི་ཟླ་བ་དང་རི་མ་དག་གིས་བསྐྱོད་པའོ།། གྲངས་ཀྱི་བྱེ་བྲག་བརྗོད་པ་ནི་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ
441a3 གཅིག་གིས་འགྲོ་འོང་ངོ་། ། དེ་ལས་འགྲོ་བ་དང་འོང་བ་སྐད་ཅིག་གོ།། ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཇི་ལྟར་འདོད་པའི་ལྷ་ཡིས་རབ་ཏུ་གསལ་བར་གང་མཛད། འདོད་པ་སྒྲུབ་པ་ཁྱབ
441a4 འཇུག་གིས་ཀྱང་སྒྱུ་མས་སྤྲུལ་པ་བྱས་པ་བཞིན་ལཀྵ་མཱི་དང་དབྱངས་ཅན་མ་དག་གིས་ཕྱིར། དབུལ་པོ་རྣམས་ལ་མུན་པ་དག་དང་བྲལ་བ་ལྟར་ཞིང་སྐྱོང་པོས་ནས་སྦྱོར་བ་བསྒོ་བ་བྱས་པས་ཡིན་ནམ།
441a5 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལྷ་མོ་འཛམ་བུའི་གླིང་པའི་སེམས་ཅན་རྣམས་འཁོར་བ་ན་འཁོར་ཞིང་ཡོད་པ་དེ། རྨོངས་པ་དང་། འདོད་ཆགས་དང་། ཕྲག་དོག་དང་། ཕྲ་མ
441a6 རྣམས་སྐྱེས་པར་གྱུར་པས་དཔལ་ནག་པོ་ཆེན་པོས་གང་སྨྲས་པ་དེ་གུས་པ་དང་བཅས་པས་སོ། ། ཁྱབ་འཇུག་ལྟར་འདོད་པའི་ལྷ་དང་མཁའ་འགྲོ་མ་དྲུག་ཅུ་རྩ་བཞི་འཁོར་དང་བཅས་པ་རྣམས་བསྐྱེད་པར།
441a7 བརྗོད་དོ།། ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ནག་པོ་ཆེན་པོ་ཞེས་བྱ་བ་ཅི་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནག་པོ་ཆེན་པོ་ལ་དམིགས་ནས་སྡོང་པ་དེ་ཡིས་དུས་ཀྱི་གྲ
iiif viewer powered by OpenSeadragon
440b - 441b