| | e-texts navigator
|
436b1 འོད་རབ་གསལ་མ། ། ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས།། ཤིན་སུ་དྲག་པོའི་རིམས་ནི་སེལ་མ།། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས།། ཞི་བའི་མཐུ་དང་ཡང་དག་ལྡན་མ།། གདོན་དང་རོ་ལངས་གནོད་སྦྱིན
436b2 ཚོགས་རྣམས། ། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།། རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་།། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། ལྷ་མོ་ལ་གུས་ཡང་དག་ལྡན་པའི།། བློ་ལྡན་གང་གིས་རབ་དང་བརྗོད་པ།།
436b3 སྲོད་དང་ཐོ་རངས་ལངས་པར་བྱས་ནས།། དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར།། སྡིག་པ་ཐམས་ཅད་རབ་ཏུ་ཞི་བ།། ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ།། རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས།།
436b4 མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ།། འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་།། སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ།། དེ་ཡི་དུག་ནི་དྲག་པོ་ཆེན་པོ།། བརྟན་གནས་པ་འམ་གཞན་ཡང་འགྲོ་བ།། ཟོས་པ་དང་ནི
436b5 འཐུངས་པ་ཉིད་ཀྱང་། ། དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ།། གདོན་དང་རིམས་དང་དུག་གིས་གཟིར་བའི།། སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ།། སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་།། གཉིས་གསུ
436b6 བདུན་དུ་མངོན་པར་བརྗོད་ན། ། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་།། ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ།། འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ།། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར།
436b7 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པ་བཅོམ་ལྡན་འདས་མ་འཕགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་གིས་བསྟོད་པ་སྒྲོལ་མ་ལས་སྣ་ཚོགས་བསྟན་པའི་རྒྱུད
iiif viewer powered by OpenSeadragon
436a - 437a