| | e-texts navigator
|
435b1 ། སྤྱོད་ཡུལ་ཉིད་མ།། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ།། མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།། རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།། ཕྱག་འཚལ།།
435b2 ཏུཏྟཱ་ར་ཧཱུཾ་ཡི་གེ། འདོད་དང་ཕྱོགས་དང་ནམ་མཁའ་གང་མ།། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།། ལུས་པ་མེད་པར་འགུགས་པར་ནུས་མ།། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ།། རླུང་ལྷ་སྣ
435b3 ཚོགས་དབང་ཕྱུག་མཆོད་མ། ། འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་།། གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ།། ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས།། ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ།།
435b4 གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ།། མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ།། ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ།། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།། ཆུ་སྐྱེས་ཞལ
435b5 ནིཁྲོ་གཉེར་ལྡན་མཛད། ། དགྲ་བོ་ཐམས་ཅད་མ་ལུས་གསོད་མ།། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི།། སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ།། མ་ལུས་ཕྱོགས་ཀྱིས་འཁོར་ལྡེ
435b6 བརྒྱན་པའི། ། རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ།། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི།། དབུ་རྒྱན་འོད་ཀྱི་འཕྲེང་བ་སྤེལ་མ།། བཞད་པ་རབ་བཞད་ཏུཏྟཱ་ར་ཡིས།། བདུད་དང་འཇིག་རྟེན་དབང་དུ
435b7 མཛད་མ། ། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས།། ཐམས་ཅད་འགུགས་པར་ནུས་མ་ཉིད་མ།། ཁྲོ་གཉེར་གཡོ་བའི་ཡི་གེ་ཆུ་གིས།། འཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།། ཕྱག་འཚལ་གྱི།
iiif viewer powered by OpenSeadragon
435a - 436a