e-texts navigator
Collection
Volume
Page
Wylie

52a1 བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱར་རྨང་དུ་བྱུང་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས
52a2 པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུར་མོའི་བྷ་ག་རྣམས་ལ་བཞུགས་སོ།། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི
52a3 དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ཕྱིའི་མཆོད་པ་དང་། ནང་དང་གསང་བའི་མཆོད་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་ནས། འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཧོ་བཅོམ་ལྡན་རྡོ་རྗེ་འཛིན
52a4 དཔལ་ཞེས་བགྱི་བ་ཇི་ལྟར་ལགས། ། འཁོར་ལོ་ཞེས་པ་གང་ལ་བགྱི།། སྡོམ་པ་ཉིད་ཀྱང་ཇི་ལྟ་བུ།། རྒྱུད་ཀྱི་དོན་ནི་ཇི་ལྟར་ལགས།། དེ་བཞིན་རྒྱུད་ཀྱི་རྒྱལ་པོ་ཅི།། བཅོམ་ལྡན་འདས་ཀྱིས
52a5 བཀའ་སྩལ་པ། ། དཔལ་ནི་གཉིས་མེད་ཡེ་ཤེས་ཏེ།། འཁོར་ལོ་རྣམ་པ་བཞི་རུ་བརྗོད།། ཕྱི་ནང་གསང་བ་དེ་ཉིད་དོ།། དང་པོ་ཕྱི་ཡི་འཁོར་ལོ་ནི།། སྐུ་མདོག་ཕྱག་མཚན་ལྷ་ཡི་སྐུ།།
52a6 དྲུག་ཅུ་རྩ་གཉིས་རིམ་པ་སྟེ།། ཡེ་ཤེས་དམ་ཚིག་སྐུ་གསུང་ཐུགས།། དཀྱིལ་འཁོར་ཕྱོགས་མཚམས་རིམ་པ་བཞིན།། ལུགས་འབྱུང་ལུགས་ལས་བཟློག་པ་ནི།། ཐ་མལ་གཅོད་པས་ཕྱིརུ
52a7 བཤད། ། གཉིས་པ་ནང་གི་འཁོར་ལོ་ན།། གནས་སོགས་བཅུ་ཡི་རིམ་པ་རྣམས།། མཐོ་རིས་ས་སྟེང་ས་འོག་དང་།། འཁོར་ལོ་སྒལ་དགོད་པ་ནི།། ཕྱི་རོལ་སྤྲོས་པ་གཅོད་པའོ།། གསུམ




iiif viewer powered by OpenSeadragon

51b - 52b

Texts on this page

S375 - pal 'khor lo sdom pa'i rgyud kyi rgyal po dur khrod kyi rgyan rmad du byung ba zhes bya ba