e-texts navigator
Collection
Volume
Page
Wylie

3b1 སྒོ་གཉིས་ངག་ཏུ་མཆོད་པ་དབུལ།། ཤིན་ཏུ་དྲ་བའི་མེ་དག་གིས།། གཏུམ་མོའི་མེ་ལ་མཆོད་པ་དབུལ།། རྐེད་པའི་ཚད་མཉམ་ཀརྟི་ཀ། གདན་ཁྲི་བསྒྲུབ་པའི་མཆོད་པ་དབུལ།། དེ་ཡིས
3b2 འདྲོངས་པར་གདོན་མི་ཟ། ། དེ་ནས་རྒྱས་པར་བྱ་བ་ཡང་།། གཞན་ནི་གོང་དང་འདྲ་བ་སྟེ།། ཕྱི་ནང་འདོད་པའི་མཚན་མུ་ཀུན།། རྒྱས་པར་བྱེད་པའི་ལམ་ཡིན་ཏེ།། བརྒྱད་པའི་སྦྱོར་བ་གསུམ་བྱས་ན།།
3b3 དཔེར་ན་མེ་ཏོག་པདྨ་བཞིན།། དེ་ནས་དབྱེ་བའི་རིམ་པ་ཡང་།། གོང་དུ་གསུངས་པ་ཐུན་མོང་སྟེ།། དུས་གསུམ་ལྕེ་ཡི་རྩེ་མོས་ཀྱང་།། བསྐྱོད་ན་ངེས་པར་ཁ་འབྱེད་དེ།། དེ་ཉིད་གསུམ་ནི་མི་རང་བཞིན།།
3b4 མེ་འབར་བ་ཡི་རྐྱེན་གྱུར་པ།། རླུང་ཉིད་ཡིན་པར་གསུངས་པ་སྟེ།། རྐྱེན་དེས་མེ་ཉིད་འབར་བ་བཤད།། གཞན་ཡང་རྐྱེན་གྱི་བྱེ་བྲག་དང་།། སྲོག་རྩོལ་རླུང་ནི་དབུ་མར་དགག། བུམ་པ་ཞབས
3b5 མེད་རླུང་ཕུལ་ནས། ། སྒོ་དགུ་ཕྱི་རོལ་དྲག་ཏུ་བུད།། ལུས་ཀྱི་ངལ་དུབ་ཆབ་སྙམ་སྟེ།། སྦྱོང་བ་རྫོགས་ན་བདེ་བའི་རྐྱེན།། བདེ་བ་ལས་ནི་རྡོ་རྗེ་འཆང་།། བདེ་བ་ཡིས་ནི་བདེ་བ་འགྲུབ།། རྒྱུ་བདེ
3b6 བ་ལས་འབྲས་བུ་བདེ། ། རྒྱུ་ཡི་ནང་ན་འདི་མཆོག་ལ།། འབྲས་བུའི་ནང་ན་འདི་མཆོག་གོ།། དེ་ནས་བདེ་བའི་རྐྱེན་གྱུར་པ།། སྲིད་པ་དགག་དང་རླུང་དགག་པ།། གནས་ནས་གནས་སུ་རྟེན་བཟུང
3b7 སྟེ། གཡས་བརྐྱང་བས་ནི་རོ་མ་དགག། དཔའ་བོ་གཡས་ནས་མཁའ་འགྲོ་གཡོན།། གཡོན་བརྐྱང་བས་ནི་བརྐྱང་མ་སྟེ།། སགས་ཀུན་དར་མ་རུ་གཟུང་།། དེ་བཞིན་ཟླུམ་པོས་དབུ་མར་གཟང་།།




iiif viewer powered by OpenSeadragon

3a - 4a

Texts on this page

S356 - dpal ye shes 'bar ba'i rgyud kyi rgyal po